ཕུ་ཅིང་གིས། ཨུ་རུ་སུ་དང་ཀེ་རུ་ཅི་ཡའི་འབྲེལ་བ་རྙོག་འཛིང་ཅན་དུ་འགྲོ་བའི་བྱ་ཐབས་བཟུང་མི་སྲིད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་སྤྱི་ཚེས་༩ཉིན་ཨུ་རུ་སུའི་གྲོང་ཁྱེར་ཡེ་ཁ་ཅེ་ལིན་པའོ་རུ། ཨུ་རུ་སུ་དང་ཀེ་རུ་ཅི་ཡའི་འབྲེལ་བ་རྙོག་འཛིང་ཅན་དུ་འགྲོ་བའི་བྱ་ཐབས་བྱེད་མི་སྲིད་ཅེས་བསྟན་ཡོད།

ཨུ་རུ་སུའི་རྒྱལ་ཁབ་ཀྱི་གྲོས་ཚོགས་སྨད་པས་ཉིན་དེའི་སྔ་ཙམ་གྱི་སྐབས་སུ་གསལ་བསྒྲགས་སྤེལ་ནས། ཀེ་རུ་ཅི་ཡར་ཉེ་དུས་ཐོན་པའི་ཨུ་རུ་སུར་ངོ་རྒོལ་བྱེད་པའི་འཁྲུག་རྐྱེན་སློང་བ་བྱ་སྤྱོད་ལ་ཁ་རྡུང་གཏོང་རྒྱུ་ཡིན་པ་མ་ཟད། ཨུ་རུ་སུའི་སྲིད་གཞུང་གིས་ཀེ་རུ་ཅི་ཡར་དམིགས་བསལ་གྱི་དཔལ་འབྱོར་བཀག་སྡོམ་བྱ་ཐབས་བཟུང་རྒྱུའི་བསམ་གཞིགས་བྱེད་དགོས་པའི་གྲོས་འགོ་སྟོན་ཡོད་ཅེས་འཁོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།