བྱང་ཁོ་རེ་ཡས་ཅིན་ཀྲེང་ཨེན་དང་ཕུ་ཅིང་མཇལ་འཕྲད་གནང་བའི་དྲན་རྟེན་གྱི་སྦྲག་རྟགས་འགྲེམས་སྟོན་བྱས་པ་དང་། ཁོང་གཉིས་པོས་ཕྱག་བཏང་གནང་བའི་པར་བཀོད་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བྱང་ཁོ་རེ་ཡར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཁང་གིས་ཉིན་ཤས་གོང་གནས་ཚུལ་སྤེལ་ནས། བྱང་ཁོ་རེ་ཡས་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་དང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཧྥུ་ལ་ཏེ་ཝོ་སི་ཐོ་ཁེར་མཇལ་མོལ་གནང་བར་དྲན་གསོ་ཞུ་ཆེད། སྦྲག་རྟགས་གཉིས་འགྲེམས་སྤེལ་བྱས་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། དེའི་ནང་གི་སྦྲག་རྟགས་གཅིག་ལ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཕྱག་བཏང་གནང་བའི་སྐུ་པར་བཀོད་ཡོད་ཅེས་སྤེལ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།