ཡོ་རོབ་ཤར་ལྷོའི་མཉམ་ལས་ཀྱི་འཕེལ་རིམ་དབུ་ཚོགས་པོ་ཧེ་རུ་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཡོ་རོབ་ཤར་ལྷོའི་མཉམ་ལས་ཀྱི་འཕེལ་རིམ་དབུ་ཚོགས་སྤྱི་ཚེས་9ཉིན་པོ་ཧེའི་རྒྱལ་ས་ས་ལ་རེ་ཧོ་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པའི་ཡ་ཧོ་ལི་ན་ཧྲན་རུ་འགོ་ཚུགས་པ་དང་། དབུ་ཚོགས་ཀྱི་ཉིན་དེ་རང་ལ་བསྒྲགས་གཏམ་བརྒྱུད། ཡོ་རོབ་གླིང་གཞི་གཅིག་ཅན་དང་ཡོ་རོབ་ཤར་ལྷོའི་བདེ་འཇགས་དང་བརྟན་ལྷིང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

ཐེངས་འདིའི་དབུ་ཚོགས་དུས་ཡུན་ཉིན་གཉིས་ཡིན་ཞིང་། རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཉི་ཤུ་ཙམ་གྱི་སྲིད་དོན་མི་སྣ་དང་མཐོ་རིམ་སྐུ་ཚབ་ཚོགས་འདུར་ཞུགས་ཡོད། གྲོས་ཚོགས་ཀྱི་ཉིན་དེར་བསྒྲགས་གཏམ་བརྒྱུད། ཚོགས་ཞུགས་རྒྱལ་ཁབ་ཁག་གིས་བསྒྲགས་གཏམ་ནང་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁྱབ་ཁོངས་བཅས་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།