ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ། པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པ་བྱེད་པ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྲོས་ཚོགས་ཐོག རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་ཤུགས་ཆེ་རུ་བཏང་ཐོག བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། ཏང་ཡོན་ལས་བྱེད་པས་མ་རྩོམ་ཀློག་པ་དང་། མ་ཡིག་བལྟ་བ། རྩ་བའི་གནས་ལུགས་རྟོགས་པ་བྱེད་པ། རང་རྟོག་ངང་དཔེ་བསྡུར་བྱེད་པ། དུས་ཐོག་ཏུ་ཧེ་བག་འཚོལ་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ནང་། ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད་དང་། ཀྲུང་དབྱང་ཁེ་ལས་ཀྱིས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། དཔེ་བསྡུར་དག་ཐེར་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་བྱ་ཐབས་ཟུང་འབྲེལ་དམ་ཟབ་བྱས་ཐོག བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པ་བྱེད་བཞིན་ཡོད་པ་རེད།

བཟོ་འཕྲིན་པུའུ་ཡི་ཏང་ཙུའུ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་ཆེད་དོན་སློབ་ཚན་དང་ཟུང་འབྲེལ་གྱིས། ཏང་ཡོན་ལས་བྱེད་པས་ངེས་པར་དུ་བཟོ་བསྐྲུན་སྟོབས་ཆེའི་རྒྱལ་ཁབ་དང་དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་པའི་འགན་སེམས་སྔར་བས་ཆེ་རུ་བཏང་ཐོག ཀྲུང་དབྱང་གི་ཇུས་བཀོད་གལ་ཆེན་དག་ཆ་ལག་ཆ་ཚང་ལག་བསྟར་དོན་འཁྱོལ་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་འདུག

རྒྱལ་ཁབ་བསྡོམ་རྩིས་ཅུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསལ་རྟོགས་ཐུབ་པ་བྱ་རྒྱུ་དེ་སྔོན་འགྲོར་བརྩིས་ཐོག རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་བྱ་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་བཏང་འདུག རྒྱལ་ཁབ་བསྡོམ་རྩིས་ཅུད་ཡོངས་བཤེར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཚུད་ན་ཡིས། ཟླ་བ་6པའི་ཟླ་དཀྱིལ་དུ་འགོ་བཙུགས་པའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་རྗེས་མཐུད་སྤུས་བཤེར་ལས་དོན་དེ། བསྡོམ་རྩིས་སྡེ་ཁག་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་ལེན་གལ་ཆེན་ཞིག་ལ་བརྩིས་ཡོད་ཅེས་གསུངས་འདུག
རྩིས་བཤེར་ཧྲུའུ་ཡིས་ཏང་ཙུའུ་ཡིས་སློབ་སྦྱོང་སློབ་གསོའི་ཐད་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་ཀྱིས། གཙོ་ཐིག་དང་གཞི་རྩའི་ལས་འགན་ལ་གཞིགས་ནས། སློབ་སྦྱོང་གི་གཙོ་དོན་གསལ་པོ་བཟོ་བ་དང་། གཙོ་གནད་དག་ལ་ཞིབ་འཇུག་སློབ་སྦྱོང་བྱས་ནས། སློབ་སྦྱོང་གི་གོ་བ་ལོན་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་མ་རྩོམ་ཀློག་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་གསུངས་འདུག

འབྲུབ་ཆུ་རྒྱས་པའི་དུས་ལ་སླེབས་པས། རང་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ལྷོའི་ས་ཁུལ་དུ་རྒྱུན་མཐུད་ངང་དྲག་ཆར་བབ་པ་དང་། ཆུ་ལོག་གི་གནོད་འཚེ་ཐེངས་མང་ཐོན་ཡོད། རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་ནི་བཙུགས་ནས་ཡུན་རིང་མ་སོང་བའི་དངོས་འཐབ་རྣམ་པའི་སྡེ་ཚན་ཞིག་ཡིན་པའི་ཆ་ནས། ཕྱོགས་གཅིག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་དངོས་འཐབ་རྣམ་པའི་བཀོད་འདོམས་ལས་ཁུངས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱེད་བཞིན་ཡོད་པ་རེད། འཕྲལ་སྒྲུབ་དོ་དམ་པུའུ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གཞོན་པ་ཅ་ཁོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་གྱིན་གྲོས་བསྡུར་སྒྲིག་གཞི་བཙུགས་པ་དང་། འབྲུབ་འགོག་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་བཀོད་འདོམས་བཀོད་སྒྲིག་བྱེད་བཞིན་ཡོད། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བསྒྱུར་བ་དང་། འཕྲལ་སྒྲུབ་དོ་དམ་ལས་ཀའི་ལག་ལེན་དངོས་ནང་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འོས་འགན་མངོན་པར་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཀྲུང་གོ་མཁའ་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་སྤུས་མཐོའི་ངང་བརྗོད་དོན་གཙོ་བོའི་སློབ་གསོའི་གཅིག་སྡུད་སློབ་སྦྱོང་ཞིབ་བསྡུར་བྱས་པ་དང་། མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ་བྱས་ཡོད་པ་རེད།

ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སྣུམ་ཞིང་འཚོལ་ཞིབ་གསར་སྤེལ་བྱ་གཞག་པུའུ་ཡི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧུའུ་ཀོང་ཅེས། བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་གི་བརྒྱུད་རིམ་ནང་། སློབ་སྦྱོང་ཇི་ཙམ་བྱས་ན་དེ་ཙམ་གྱིས་ཐོག་མའི་བསམ་འདུན་ཞེས་པ་དེའི་གལ་ཆེའི་རང་བཞིན་ཚོར་བ་དང་། སློབ་སྦྱོང་ཇི་ཙམ་བྱས་ན་དེ་ཙམ་གྱིས་འགན་སེམས་ཆེ་རུ་འགྲོ་བཞིན་འདུག་ཅེས་གསུངས་འདུག

ཀྲུང་གོ་ནུས་ཁུངས་འཛུགས་བསྐྲུན་ཚོགས་པའི་འཆར་འགོད་ཇུས་འགོད་ཚད་ཡོད་ཀུང་སིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་ཏན་ཏིག་སྤྲད་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དང་། ཕན་འབྲས་དངོས་ཐོན་པ་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།