འཇར་མན་སྲིད་གཞུང་གིས་ཨ་རིས་བཏོན་པའི་འཇར་མན་གྱིས་སི་རི་ཡར་ས་ངོས་དཔུང་སྡེ་མངག་གཏོང་བྱས་ཏེ་འཇིག་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུའི་གྲོས་འགོར་ཁས་ལེན་བྱས་མེད་པ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༨ཉིན་འཇར་མན་སྲིད་གཞུང་གིས་ཨ་རིས་སྟོན་པའི་འཇར་མན་གྱིས་སི་རི་ཡར་ས་ངོས་དཔུང་སྡེ་མངག་གཏོང་བྱས་ཏེ་འཇིག་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུའི་གྲོས་འགོར་ཁས་ལེན་བྱས་མེད་པ་རེད།

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་མགྲིན་ཚབས་པ་སའེ་པེ་ཐེས་ཉིན་དེར་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག འཇར་མན་གྱིས་དེའི་གོང་ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བར་མུ་མཐུད་དེ་རྡུང་རྡེག་གཏོང་རྒྱུར་དམག་དོན་གྱི་ལེགས་སྐྱེས་ཕུལ་རྒྱུ་ཡིན། དེའི་ནང་དུ་དམག་དོན་མྱུར་ཞིབ་གནམ་གྲུ་དང་སྣུམ་སྣོན་གནམ་གྲུའི་རོགས་སྐྱོར། དམག་དོན་གསོ་སྦྱོང་སོགས་མངག་གཏོང་བྱེད་པ་ཚུད་ཡོད། འོན་ཀྱང་འདིའི་ནང་དུ་ས་ངོས་དཔུང་སྡེ་མངག་གཏོང་བྱེད་རྒྱུ་ཚུད་མེད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།