ལས་ཁུངས་བསྒྱུར་བཅོས་ཀྱི་གྲུབ་འབྲས་གསར་པས་སྒོ་ཀུན་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་རྣམ་པ་གསར་པ་གཏོད།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་ལས་ཁུངས་བསྒྱུར་བཅོས་ཀྱི་གྲུབ་འབྲས་གསར་པས་སྒོ་ཀུན་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་རྣམ་པ་གསར་པ་གཏོད་ཅེས་པ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་ཕྱོགས་བསྡོམས་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ་ཞེས་འཁོད་པ་སྤེལ་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༩ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ། ལས་ཁུངས་བསྒྱུར་བཅོས་ཀྱི་གྲུབ་འབྲས་གསར་པས་སྒོ་ཀུན་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་རྣམ་པ་གསར་པ་གཏོད་ཅེས་པ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་ཕྱོགས་བསྡོམས་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ་ཞེས་འཁོད་པ་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། བསྒྱུར་བཅོས་ལ་བྱེད་བཞིན་པ་ལས་བྱས་ཚར་དུས་མེད། ལས་ཁུངས་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་གཏོང་བའམ་ཡང་ན་སྒོ་ཀུན་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ། དེ་བས་རྒྱ་ཆེ་བ་དང་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་གཏོང་བར་ང་ཚོར་ད་དུང་ལས་དོན་འབོར་ཆེན་ཞིག་བསྒྲུབ་རྒྱུར་ལུས་ཡོད། འཐབ་ཇུས་ཀྱི་གཏིང་ཤུགས་རྒྱུན་འཁྱོངས་དང་གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། བབ་བསྟུན་སྣེ་ཁྲིད་དང་། གཅིག་གྱུར་འཆར་འགོད། ཇུས་འདོན་གནད་ལ་འཕིགས་པ་བཅས་བྱེད་པ། ཉེན་ཁ་ཆེན་པོ་འགོག་སེལ་དང་འབུར་ཐོན་གནད་དོན་ཐད་འཐབ་ཇུས་གནད་ལ་འཁེལ་བ་འདོན་པ་བཅས་བྱས་ཚེ། ང་ཚོས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་དང་། ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་སྟོབས་ཆེར་གཏོང་ཐུབ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་ངོས་འཐུས་ཚང་དང་གོང་འཕེལ་ཐུབ་རྒྱུར་སྐུལ་འདེད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མདུན་ལྗོངས་སྔར་བས་རྒྱ་ཆེར་གཏོང་ཐུབ་ཅེས་ནན་སྟོན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།