རྒྱལ་སྲིད་སྤྱི་ཁྱབས་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་དང་ལི་ཁེ་ཆང་གིས་མཛད་སྒོར་ལྟ་སྐུལ་གནང་བ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན། རྒྱལ་སྲིད་སྤྱི་ཁྱབས་ཁང་གིས་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབས་ཁང་གི་གཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པའི་མཛད་སྒོར་ལྟ་སྐུལ་གནང་བ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབས་ཁང་དང་ཚན་པ་ཁག་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་སྒྲིག་འཛུགས་བྱ་ཐབས་གཞིར་བཟུང་། སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༡༡པ་ནས་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༦པའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་ཚན་པ་༢༥དང་ཚན་པ་ཁག་གི་འགན་ཁུར་བ་༢༨ཀྱིས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་དམ་བཅའ་བཞག་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་བཅུ་གཅིག་པར། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབས་ཁང་གི་དྲུང་ཆེ་གཅིག་ལྕོག་ཤའོ་ཇེ་ཡིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་པའི་ཁྱབས་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་རེད། དེ་རྗེས་དམ་འཇོག་སྣེ་ཁྲིད་མི་སྣས་ལག་ཏུ་རྩ་ཁྲིམས་ཀྱི་ལག་དེབ་ཁྱེར་ནས་དམ་བཅའི་ནང་དོན་སྐྱོར་ཁྲིད་བྱས་པ་དང་དམ་བཅའ་འཇོག་མཁན་གཞན་དག་གིས་དེའི་རྒྱབ་ཏུ་འགྲལ་སྟར་གྲིག་པོས་ལངས་ཏེ་དམ་འཇོག་བྱས་ཡོད་པ་རེད། དམ་བཅའ་བཞག་ཟིན་རྗེས་ལི་ཁེ་ཆང་གིས་བློ་མཐུན་ཚང་མས་ཞིས་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོང་པ་བློ་ལ་བརྟན་པོར་ངེས་པ་དང་། འདུ་ཤེས་བཞི་མཐོར་གཏོང་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཡག་པོ་ཡོང་བ་བཅས་བྱས་ཐོག་རྩ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་། ཁྲིམས་ལྟར་འགན་ཁྲི་སྒྲུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཕུག་རེ་བཅངས་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ང་ཚོའི་འབད་ཐབས་ཀྱི་དམིགས་ཚད་ཡིན། འགན་ཁྲི་དོན་འཁྱོལ་དང་། དངོས་སྒྲུབ་འགན་ཁུར། སྤྱོད་པ་གཙང་མ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དོན་དངོས་སྒྲུབ་པའི་ལས་ཀའི་འགན་ཁྲི་ཁུར་སེམས་ཐོག་ནས་སྤྱི་ཚོགས་རིང་ལུགས་རྒྱུན་མཐུད་སྐྱོན་འབྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་དེད་གཏོང་བ་དང་འབྱོར་ཕྱུག་དང་དམངས་གཙོ་དཔལ་ཡོན་ལྡན་པ་དང་གཞི་མཐུན་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུའི་ཆེད་དུ་འབད་ཐབས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱ་སྲིད་སྤྱི་ཁྱབས་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་དང་། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧོ། རྒྱ་དོན་ཨུ་ཡོན་ཝང་ཡུང་དང་ཀྲའོ་ཁེ་ཀྲེ། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་སོགས་དམ་འཇོག་མཛད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྤེན་པ་རྒྱ་མཚོ།