ཝང་དབྱང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་བྱེ་བྲག་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་ཅེས་པའི་བརྟག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ནས་པེ་ཅིང་དུ་འབྲེལ་ཡོད་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་གི་འགན་ཁུར་མི་སྣ་དང་བཞུགས་མོལ་གནང་ནས་དམངས་གཙོ་ཏང་ཤོག་ཁག་གིས་སྤེལ་བའི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་བྱེ་བྲག་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་ཅེས་པའི་སློབ་གཞིའི་བརྟག་ཞིབ་གྲུབ་འབྲས་ཐད་གྲོས་མོལ་གནང་ཡོད།

ཝང་དབྱང་གིས་འབྲེལ་ཡོད་དམངས་གཙོ་ཏང་ཤོག་གི་བརྟག་ཞིབ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས། ཚོང་གཉེར་ཁོར་ཡུག་ནི་ཁྲོམ་རའི་བྱེད་པོ་འཚོ་གནས་བྱེད་པ་དང་གོང་འཕེལ་འགྲོ་བའི་ཞིང་ས་ལྟ་བུ་ཡིན་པ་དང་། འདི་ནི་རྒྱལ་ཁབ་དང་ས་ཁུལ་གྱི་འགྲན་རྩོད་ནུས་པ་གལ་ཆེན་ཞིག་རེད། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པར་སྙིང་རུས་གཏན་འཁྱོངས་བྱེད་དགོས་པ་དང་། ཏང་སྲིད་ཚན་པ་དང་ཁྲོམ་རའི་བྱེད་པོ། སྤྱི་ཚོགས་ལས་རིགས་ཁག་བཅས་ནས་མཉམ་དུ་འབད་བརྩོན་བྱེད་དགོས། དམངས་གཙོ་ཏང་ཤོག་ཁག་གི་རིག་སྟོབས་རུབ་བསྡུས་ཆེ་བ་དང་ཁྲོམ་རའི་བྱེད་བྲག་བྱེད་པོའི་བར་གྱི་འབྲེལ་བ་ཟབ་པས་ཁེ་ལས་དང་མང་ཚོགས་ཀྱི་རེ་འདུན་ལ་རྒྱ་ཁྱབ་ངང་ཉན་ནས་ལག་ལེན་བསྟར་རུང་བའི་ཇུས་དང་དོན་དངོས་ཀྱི་འཐབ་མང་ཙམ་འདོན་དགོས། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱ་རྒྱུར་གཞིགས་ནས་རྒྱ་ཁྱབ་ཐོག་དམངས་གཙོ་ལྟ་སྐུལ་ལས་དོན་སྤེལ་ནས་འབྲེལ་ཡོད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཕྱིའི་མི་སྣ་དང་དམངས་གཉེར་ཁེ་ལས་ཀྱིས་རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་འགྱུར་ལྡོག་ལ་རྗེས་དཔག་གི་བལྟ་སྟངས་འཛིན་རྒྱུར་འཁྲིད་སྟོན་བྱེད་དགོས་པ་དང་། འགལ་ཟླ་སེལ་བ་དང་། གོ་ནོར་ཐེབས་པའི་གནས་ཚུལ་ཐག་གཅོད་བྱེད་པ། ཐུན་མོང་གི་བསམ་ཚུལ་ཤུགས་ཆེར་གཏོང་བ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབ་ཏེ་དྲང་བདེན་ནུས་པ་གཅིག་བསྡུས་བྱེད་དགོས་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།