རང་རྒྱལ་གྱིས་ཞིང་ཆེན་རིམ་པའི་དམིགས་འཛུགས་སྨན་ཁང་བརྒྱ་དང་བདུན་ཅུ་དོན་དྲུག་དང་། ས་ཁུལ་གྲོང་ཁྱེར་རིམ་པའི་དམིགས་འཛུགས་སྨན་ཁང་སུམ་བརྒྱ་བདུན་ཅུ་དོན་བཞིར་སྨན་བཅོས་བྱེད་པའི་དྲ་བ་བཙུགས་ཟིན་པ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བྱིས་པའི་ཁྲག་རིལ་དཀར་པོའི་ནད་ནི་བྱིས་དུས་ཀྱི་རྒྱུན་མཐོང་རང་བཞིན་གྱི་ངན་སྐྲན་ནད་ཅིག་རེད། རང་རྒྱལ་གྱིས་ཞིང་ཆེན་རིམ་པའི་དམིགས་འཛུགས་སྨན་ཁང་བརྒྱ་དང་བདུན་ཅུ་དོན་དྲུག་དང་། ས་ཁུལ་གྲོང་ཁྱེར་རིམ་པའི་དམིགས་འཛུགས་སྨན་ཁང་སུམ་བརྒྱ་བདུན་ཅུ་དོན་བཞིར་སྨན་བཅོས་བྱེད་པའི་དྲ་བ་བཙུགས་ཟིན་ཡོད། དམིགས་འཛུགས་སྨན་ཁང་ཡོངས་ལ་ཁྱབ་པའི་ཀྲུང་གོའི་བྱིས་པའི་ཁྲག་རིལ་དཀར་པོའི་ནད་ཀྱི་ཐོ་འགོད་དོ་དམ་མ་ལག་ཀྱང་བཙུགས་ཟིན་པ་དང་། སླད་སྨན་བཅོས་བྱེད་མཁན་གྱི་བྱིས་པ་བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་དོ་དམ་ཁྱབ་ཁོངས་སུ་འཇུག་རྒྱུ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས། བྱིས་པའི་ཁྲག་རྒྱུན་ནད་དང་ངན་སྐྲན་སྐྱོབ་བཅོས་བྱེད་པའི་དོ་དམ་ཇུས་གཞི་བཟོ་འགོ་བརྩམས་པ་དང་། རྒྱལ་ཡོངས་ཀྱི་བྱིས་པའི་ཁྲལ་རིལ་དཀར་པོའི་ནད་སྐྱོབ་བཅོས་བྱེད་པའི་སྤུས་མཐུན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།