མོའོ་ཀའོ་བྲག་ཕུག་མདུན་དུ་ཆུ་ལོག་བྱུང་ནས་ཡུལ་སྐོར་སྣེ་ལེན་གནས་སྐབས་སུ་མཚམས་བཞག་པ་དང་རིག་དངོས་བདེ་འཇགས་ལ་གནས་སྐབས་ཤུགས་རྐྱེན་ཕོག་མེད།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་7པའི་ཚེས་7ཉིན་དྲག་ཆར་བབས་པའི་རྐྱེན་གྱིས་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ཆེན་པོ་ཏུན་ཧོང་མོའོ་ཀའོ་བྲག་ཕུག་མདུན་དུ་ཆུ་ལོག་བྱུང་ནས་གནས་སྐོར་ཟམ་པ་གཅིག་པུ་ཆུས་ཁུར་བ་རེད། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རིག་དངོས་བདེ་འཇགས་ལ་གནས་སྐབས་ཤུགས་རྐྱེན་ཕོག་མེད་པ་དང་། མིག་སྔར་ཡུལ་སྐོར་སྣེ་ལེན་བྱེད་མཚམས་བཞག་ནས་བགྲོད་ལམ་མྱུར་གསོ་བྱེད་བཞིན་ཡོད།

ཏུན་ཧོང་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཁང་གིས་བཤད་པ་ལྟར་ན། ཤིན་ཅང་གྲང་ཤུར་གྱི་ཤུགས་རྐྱེན་འོག་ཚེས་6ཉིན་གྱི་ཆུ་ཚོད་10ནས་ཚེས་7ཉིན་གྱི་ཆུ་ཚོད་9བར་ཏུན་ཧོང་གྲོང་ཁྱེར་ལ་ཆར་བ་བབས་པ་དང་། མའོ་ཀའོ་བྲག་ཕུག་གི་ཆར་འབབ་ཚད་ནི་ཧའོ་སྨི་40.4ཟིན་ཡོད།

ཏུན་ཧོང་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ལུའོ་ཧྭ་ཆིང་གིས་ཆུ་ལོག་དེ་ནི་མོའོ་ཀའོ་བྲག་ཕུག་དང་བར་ཐག་སྨི་བརྒྱ་ཡང་ཟིན་གྱི་མེད་ཅེས་བཤད། ཚེས་7ཉིན་གྱི་ཆུ་ཚོད་0བར་ཆུ་ལོག་བྱུང་བ་དང་། ཆུ་ཚོད་1གི་སྐབས་ཆུ་ལོག་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་250ཟིན་ཡོད། མོའོ་ཀའོ་བྲག་ཕུག་དང་བར་ཐག་སྤྱི་ལེ་10ཡི་མཚམས་ཀྱི་ཟམ་པ་དང་བགྲོད་ལམ་ཆུས་ཁུར་ཡོད། ཟམ་པ་དང་འགྲོ་ལམ་དེ་མོའོ་ཀའོ་བྲག་ཕུག་ཏུ་སྐྱོད་པའི་འགྲོ་ལམ་ཉག་གཅིག་རེད། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་མའོ་ཀའོ་བྲག་ཕུག་གི་རིག་དངོས་བདེ་འཇགས་ལ་གནས་སྐབས་སུ་ཤུགས་རྐྱེན་ཕོག་མེད། །

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།