ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་ཚད་ལེན་ལྟེ་གནས་ཐོག་མ་དེ་སྤྱོད་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱི་ལས་སྒྲུབ་དུས་ཚོད་ནི། རེས་གཟའ་ཟླ་བ་ནས་པ་སངས་ཀྱི་སྔ་དྲོའི་ཆུ་ཚོད་དགུ་པ་ནས་ཆུ་ཚོད་དང་པོ་བར་ཡིན་པ་དང་། ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་དྲུག་དང་ཕྱེད་ཀ་བར་ཡིན་པ་དང་། བློ་འདྲིའི་ཁ་པར་ཨང་གྲངས་0891-6160000ཡིན་པ་རེད།

ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཚར་པ་ནང་གྲོང་ཚོའི་ཆུ་ཤུར་ཅིན་ཤིན་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ཚད་ལེན་ལྟེ་གནས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། དེ་ནི་ལྷ་ས་གྲོང་ཁྱེར་དུ་གཉེར་སྐྱོང་བྱེད་འགོ་ཚུགས་པའི་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཚད་ལེན་སྒྲིག་གཞི་ཨང་བཞི་པ་ཡིན་ལ། ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པའི་འཕྲུལ་སྒྲུལ་འཁོར་རིགས་ཀྱི་ཞིབ་བཤེར་ཚད་ལེན་ལྟེ་གནས་དང་པོ་དེའང་ཡིན་པས། དེས་ལྷ་ས་གྲོང་ཁྱེར་གྱི་མིག་སྔའི་འཁོར་རིགས་ཞིབ་བཤེར་ཚད་ལེན་གྱི་ལས་སྒོ་གཉེར་དཀའ་བ་དང་མང་ཚོགས་དུས་ཚོད་རིང་པོ་བང་སྒྲིག་དགོས་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

ཞིབ་བཤེར་ཚད་ལེན་ལྟེ་གནས་འདིས་ཆུ་ཤུར་རྫོང་གི་མི་51གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་། དེའི་ནང་མཐོ་སློབ་སློབ་ཐོན་སློབ་མ་17དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་11ལས་ཞུགས་ཐུབ་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།