བོད་ཀྱིས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་འཆར་འགོད་ལས་དོན་སྤེལ་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚེས་5ཉིན། བོད་རང་སྐྱོང་ལྗོངས་ཀྱིས《ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་འཆར་འགོད་རྩ་གནད(2021ནས་2050ལོ་བར)》(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)བཟོ་བའི་ལས་དོན་སྤེལ་འགོ་ཚུགས་ཤིང་། 《འཆར་འགོད》ནང་ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། དམངས་སྤྱོད་མཁའ་འགྲུལ་སོགས་ཀྱི་སྐྱེལ་འདྲེན་བྱ་ཐབས་སྣ་ཚོགས་ཚུད་ཡོད་པས། འབྱུང་འགྱུར་ལོ་30ཡི་རིང་གི་རང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་སྤྱིའི་བླང་བྱ་དང་། འཆར་འགོད་ཀྱི་དམིགས་ཚད། གཞི་ཁྱོན་གྱི་གྲུབ་ཆ། བཀོད་སྒྲིག་ཇུས་གཞི་བཅས་གཏན་འཁེལ་བྱ་རྒྱུ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།