ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་གོའི་རོལ་ཆའི་བརྙན་འཕྲིན་འགྲན་བསྡུར་ཆེན་མོས་པེ་ཅིང་དུ་བརྙན་འཕྲིན་བརྙན་ལེན་སྒྲིག་བཟོའི་འགོ་ཚུགས་མཛད་སྒོ་གཉེར་བ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་གོའི་རོལ་ཆའི་བརྙན་འཕྲིན་འགྲན་བསྡུར་ཆེན་མོས་སྤྱི་ཚེས་7ཉིན་པེ་ཅིང་དུ་བརྙན་འཕྲིན་གྱི་བརྙན་ལེན་སྒྲིག་བཟོའི་འགོ་ཚུགས་མཛད་སྒོ་གཉེར་ཡོད། ཐེངས་འདིའི་འགྲན་བསྡུར་ཆེན་པོའི་ནང་འཐེན་དཀྲོན་དང་མཛུབ་དཀྲོལ། རྡུང་དཀྲོལ་སོགས་རིགས་ཁག་གི་རོལ་དབྱངས་ཚུད་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་བདམས་ཐོན་པ་6000ཙམ་འགྲན་བསྡུར་ནང་མིང་ཐོ་འགོད་རྒྱུའི་ཡིད་དབང་བཀུག་ཡོད། སྤྱི་ཟླ་བརྒྱད་པ་ནས་དགུ་པ་བར་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དང་མཐའ་མའི་རྒྱལ་ཕམ་ཐག་གཅོད་ཀྱི་དཔྱད་འདེམས་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།