ཉིང་ཞ་དང་ཧའེ་ནན། ཀྲེ་ཅང་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོའི་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིང་ཞ་དང་ཧའེ་ནན། ཀྲེ་ཅང་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོའི་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། སྡེ་ཚན་ཁག་གི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། ཕན་འབྲས་དངོས་ཐོན་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

ཉིང་ཞ་ཚན་རྩལ་སྡེ་ཁག་གིས་ཏང་ཡོན་ལས་བྱེད་པས་ཚན་རྩལ་སྡེ་ཁག་གི་ལྷུགས་གཏོང་དང་དོ་དམ། ཞབས་ཞུ་བཅས་གསུམ་གྱི་བསྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། ཚན་ཞིབ་མི་སྣར་མི་སྣ་དང་རྒྱུ་ནོར། དངོས་པོ་བཅས་རང་བརྟེན་བཀོད་གཏོང་དབང་ཆ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད། ཉིང་ཞ་སློབ་ཆེན་དང་ནུབ་བྱང་ཞིང་ལས་ནགས་ཚལ་ཚན་རྩལ་སློབ་ཆེན་གྱིས་ཐུན་མོང་ཐོག་འགན་འཁུར་བའི་ཐོན་ཁུངས་ཕན་ནུས་ཆེ་བའི་བེད་སྤྱོད་རང་བཞིན་སྒྲིག་ཆས་ཡིན་པའི་སྔོ་ཚལ་བདེ་ཐང་ཐོན་སྐྱེད་ཀྱི་འགག་རྩའི་ལག་རྩལ་གྱི་ཞིབ་འཇུག་རྣམ་གྲངས་ནི་ཉིང་ཞ་ཡི་ཞིབ་འཇུག་གསར་སྤེལ་འཆར་གཞི་གལ་ཆེན་ཞིག་ཡིན་ཞིང་། རྣམ་གྲངས་ཀྱི་འཐུས་མཆན་དང་མ་དངུལ་འཐུས་མཆན་གྱི་དུས་ཚོད་རིང་བ། འགྲོ་ལུགས་རྙོག་དྲ་ཆེ་བ་སོགས་ཀྱི་གནད་དོན་འཕྲད་ཡོད་པ་རེད།

ཚན་རྩལ་སྡེ་ཁག་གིས་གནད་དོན་དེ་ཤེས་རྟོགས་ཐུབ་རྗེས། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ལན་ཆ་བྱས་ཏེ། གནད་དོན་ཐད་འགག་གཏོར་བྱེད་ས་འཚོལ་ཞིབ་བྱས་ཡོད། ཉིང་ཞ་ཚན་རྩལ་ཐིང་གྲོང་གསེབ་ཚན་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་ཞུས་ཞོའུ་ཐའོ་ཡིས། ཚན་རྩལ་རྣམ་གྲངས་གྱི་ལག་རྩལ་ལམ་ཕྱོགས་དང་། འགྲོ་གྲོན། ནང་ཁུལ་ལེགས་སྒྲིག སྔོན་རྩིས་ལེགས་སྒྲིག མི་སྣ་ལེགས་སྒྲིག་བཅས་ཀྱིས་ཚན་རྩལ་མི་སྣ་རང་ཉིད་ནས་ཐག་གཅོད་བྱེད་ཀྱི་ཡོད། ང་ཚོའི་གོམ་སྟབས་རྗེས་མའི་དག་ཐེར་བྱ་ཐབས་ནང་། ཚན་རྩལ་རང་བཞིན་ཁེ་ལས་གསོ་སྤེལ་མགྱོགས་སུ་དང་། གྲུབ་འབྲས་བརྗེ་འགྱུར་མགྱོགས་སུ་གཏོང་བ། ཚན་རྩལ་རང་བཞིན་གྱི་ཕྱོགས་གསུམ་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་མགྱོགས་སུ་བཅས་བཏང་སྟེ། ཚན་རྩལ་མི་སྣས་གསར་གཏོད་བྱེད་པའི་སྐྱེ་ཁམས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཧའེ་ནན་ཞིང་ཆེན་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དེ་ཡོངས་ཀྱི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ལ་དམ་པོར་གཞིགས་པ་དང་། དུས་ཐོག་ཏུ་ཁེ་ལས་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱ་རྒྱུར་རོགས་རམ་བྱ་རྒྱུ་དང་། དུས་མཚུངས་སུ། རྣམ་གྲངས་ལ་འཐུས་མཆན་སྤྲོད་པའི་ལས་དོན་ལེགས་བསྒྱུར་སྔར་ལས་ལྷག་པ་བྱ་རྒྱུ་ཡིན་པ་རེད། ཧའེ་ནན་ཞིང་ཆེན་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་ཧྥུ་ཤོན་ཁྲའོ་ཡིས། གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་འགན་རྒྱ་འཇོག་པའི་བྱ་ཐབས་དེ་རིགས་ལ་བརྟེན་ནས་མ་འཇོག་ལ་སྐུལ་འདེད་དང་། འགན་རྒྱ་འཇོག་རྒྱུར་སྐུལ་འདེད་བཏང་སྟེ། ཧའེ་ནན་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཀྲེ་ཅང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་དང་མང་ཚོགས་ནས་སྨན་བཅོས་འགན་སྲུང་ལས་དོན་ཐད་རེ་སྒུག་གསར་པ་བྱེད་པར་དམིགས་ཏེ། ཧེ་བག་འཚོལ་བ་དང་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་པ་མ་ཟད། ལྷག་པར་དུ་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཐབ་ཇུས་ཁྲིད་སྟོན་འོག ཇི་ལྟར་བྱས་ཏེ་འབྲི་ཆུའི་ཟུར་གསུམ་གྱི་གྲོང་མིས་སྤུས་ཚད་མཐོ་བའི་སྨན་བཅོས་འགན་སྲུང་ཞབས་ཞུ་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ། ཀྲེ་ཅང་སྨན་བཅོས་འགན་སྲུང་སྡེ་ཁག་ནས་འབད་བརྩོན་བྱེད་པའི་བརྗོད་གཞི་ཞིག་ལ་འགྱུར་ཡོད། ཀྲེ་ཅང་ཞིང་ཆེན་སྨན་བཅོས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲོའུ་ཅན་གྱིས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྨན་བཅོས་འགན་སྲུང་གཞི་གཅིག་ཅན་གྱི་ཁྱབ་རྒྱ་གཅིག་ཆེ་རུ་བཏང་ཚེ། ང་ཚོའི་ས་ཁུལ་དང་གྲོང་ཁྱེར་11དང་ཧྲང་ཧའེ་བར་སྒོ་བསྟེན་སྨན་བཅོས་ཐུབ་རྒྱུ་ཡིན་པས། ལོ་སྨད་དུ་ང་ཚོས་ཅང་སུའུ་བར་སྔོན་ལ་ཚོད་ལྟ་བྱས་ཐོག ཞིང་ཆེན་དང་ཞིང་ཆེན་བར་སྨན་བཅོས་་ས་ཆ་གཞན་ནས་མཇུག་རྩིས་བྱེད་པའི་ཉམས་མྱོང་གསོག་འཇོག་བྱས་པས། འབྲི་ཆུའི་ཟུར་གསུམ་གྱི་ས་ཆ་གཞན་དུ་སྨན་བཅོས་དང་ཞབས་ཞུ་གཉེར་བའི་ནུས་པ་ཆེ་རུ་ཏན་ཏིག་ཕྱིན་པ་དང་། འབྲི་ཆུའི་ཟུར་གསུམ་གྱི་འགན་བཅོལ་ནང་ཞུགས་མཁན་མི་སྣའི་ཐོབ་ཚོར་དང་བདེ་སྐྱིར་ཚོར་སེམས་ཆེ་རུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།