ཨ་ཧྥེ་རི་ཁེའི་དམིགས་བསལ་དབུ་ཚོགས་ཀྱིས་ཨ་ཧྥེ་རི་ཁའེ་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༧ཉིན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་དམིགས་བསལ་དབུ་ཚོགས་ནི་ཀྲེར་རྒྱལ་ས་ནི་ཡ་མེར་འགོ་ཚུགས་ཡོད། ཚོགས་འདུའི་ཐོག་ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་བཙུགས་པར་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། ཨ་ཧྥེ་རི་ཁས་ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་འཛུགས་བསྐྲུན་དེ་བརྒྱུད་ནས། སྒོ་ཁྲལ་དམའ་རུ་གཏོང་རྒྱུ་དང་། ཉོ་ཚོང་འགོག་རྐྱེན་མེད་པ་བཟོ་བ། ཁྱབ་ཁོངས་ནང་གི་ཉོ་ཚོང་དང་མ་འཇོག་གོང་འཕེལ་ལ་སྐུལ་འདེད་བཏང་ནས། ཚོང་ཟོག་དང་། ཞབས་ཞུ། མ་དངུལ། མི་སྣ་སོགས་ས་ཁོངས་ནང་རང་མོས་འཁོར་རྒྱུག་ཡོང་རྒྱུ་མངོན་འགྱུར་ཡོང་བ་བྱས་ནས། ཨ་ཧྥེ་རི་ཁའི་དཔལ་འབྱོར་མ་ལག་ཁག་གཅིག་བསྡུས་བྱས་ནས་ཕྱོགས་རྐྱང་པའི་ཁྲོམ་ར་ཞིག་ལ་འགྱུར་བ་བྱ་རྒྱུ་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།