འཛམ་གླིང་ཤུལ་བཞག་ཚོགས་ཆེན་གྱི་ཚོགས་ཞུགས་འཐུས་མིས་ལེའང་ཀྲུའུ་གནའ་གྲོང་གནའ་ཤུལ་ཤུལ་བཞག་རེ་ཞུ་ལེགས་བསྒྲུབས་བྱུང་བར་ཚད་མཐོའི་གདེང་འཇོག་གནང་བ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༦ཉིན་ཀྲུང་གོའི་ལེའང་ཀྲུའུ་གནའ་གྲོང་གནའ་ཤུལ་དེ་ཨ་སའེ་པའེ་ཅང་དུ་སྐོང་འཚོགས་བྱས་པའི་སྐབས་༤༣པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་ཚོགས་ཆེན་ཐོག་འཛམ་གླིང་ཤུལ་བཞག་མིང་གཞུང་ནང་འཇུག་རྒྱུའི་ཆོག་མཆན་སྤྲད་ཡོད། ཚོགས་ཞུགས་འཐུས་མིས་ཀྲུང་གོར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག ཀྲུང་གོས་འཛམ་གླིང་ཤུལ་བཞག་ཐད་སྲུང་སྐྱོང་བྱེད་པར་གཟེངས་སུ་ཐོན་པའི་ལས་དོན་སྒྲུབ་པར་བསྔགས་བརྗོད་ཞུས་ཡོད།

ཚོགས་ཞུགས་འཐུས་མིས། ལེའང་ཀྲུའུ་གནའ་གྲོང་ཤུལ་བཞག་གིས་ཀྲུང་གོའི་ལོ་ངོ་སྟོང་གི་ཤེས་དཔལ་ར་སྤྲོད་བྱས་ཡོད་པ་དང་། ལེགས་སྒྲུབ་ལྡན་པའི་ངང་གནའ་ཤུལ་རེ་ཞུ་ཐུབ་པ་ནི་རིག་གནས་ཀྱི་རིན་ཐང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁས་ལེན་མཐོ་པོ་ཐོབ་ཡོད་པས། ལེའང་ཀྲུའུ་རིག་གནས་དང་ཀྲུང་ཧྭ་ཤེས་དཔལ་ལོ་རྒྱུས་ཐོག་གི་གལ་ཆེའི་གནས་བབ་ཡང་མངོན་ཡོད། ཚོགས་ཞུགས་འཐུས་མིས་ད་དུང་ཀྲུང་གོས་འཛམ་གླིང་གནའ་ཤུལ་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་རྣམ་འགྱུར་ལ་བསྔགས་བརྗོད་བྱས་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་འཛམ་གླིང་ཤུལ་བཞག་ལ་སྲུང་སྐྱོང་དང་དོ་དམ་བྱ་རྒྱུའི་ཐད་རྒྱལ་སྤྱིའི་མཉམ་ལས་བྱེད་འདོད་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།