རྒྱལ་སྤྱིའི་བློ་འདྲི་ལས་ཁུངས་ཀྱི་སྙན་ཞུ་ལས་གསལ་བར་འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་ལ་བརྟེན་ཚད་མཐོ་རུ་ཕྱིན་པ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་བློ་འདྲི་ལས་ཁུངས་མའེ་ཁན་ཞིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་༼ཀྲུང་གོ་དང་འཛམ་གླིང་སྟེ་ བསམ་ཤེས་དང་འགྱུར་ལྡོག་ཁྲོད་ཀྱི་དཔལ་འབྱོར་འབྲེལ་བ་༽ཞེས་པའི་སྙན་ཞུ་ལས་གསལ་བར། འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་ལ་བརྟེན་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

མའེ་ཁན་ཞིའི་སྙན་ཞུ་ལས་གསལ་བར། ཀྲུང་གོས་འཛམ་གླིང་དཔལ་འབྱོར་ལ་བརྟེན་ཚད་ཅུང་དམའ་རུ་ཕྱིན་པ་དང་། འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་ལ་བརྟེན་ཚད་ཡང་ཅུང་དམའ་རུ་སོང་ཡོད་པས། ཚད་གཞི་ངེས་ཅན་ཞིག་གི་ཐོག་ཀྲུང་གོས་རྒྱལ་ནང་གི་འཛད་སྤྱོད་དགོས་མཁོར་སྐུལ་ཁྲིད་བྱེད་པའི་གོང་འཕེལ་རྣམ་པར་འགྱུར་ལྡོག་འགྲོ་བཞིན་པ་མངོན་ཡོད། ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་འཛམ་གླིང་དཔལ་འབྱོར་ཞིབ་འཇུག་ཁང་གི་དེ་སྔའི་འགོ་འཛིན་ཁྲེན་ཧྥེང་དབྱིང་གིས། སྙན་ཞུའི་ནང་ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་ལ་ལེགས་སྐྱེས་འབུལ་བའི་ཐད་ཁས་ལེན་བྱས་པ་དང་། ལེགས་སྐྱེས་དེ་ནི་འཛམ་གླིང་དཔལ་འབྱོར་འཕར་ཤུགས་ཆུང་བའི་གནས་ཚུལ་འོག ཀྲུང་གོའི་དཔལ་འབྱོར་དེ་ཉིད་གཟེངས་སུ་ཐོན་དང་ཐོན་མུས་ཡིན་ཞེས་དབྱེ་ཞིབ་བྱས་ཡོད། འཛམ་གླིང་དཔལ་འབྱོར་སྤྱི་ལོ་༢༠༡༨ལོ་ནས་འགོ་བཙུགས་ཏེ་རིམ་བཞིན་སྤྱི་ལོ་༢༠༡༧ལོའི་འཕར་གནས་མཐོ་ཤོས་ནས་ཆག་པ་དང་། ཡིན་ནའང་ཀྲུང་གོས་འཛམ་གླིང་ལ་འབུལ་བའི་ལེགས་སྐྱེས་དོན་དངོས་ཐོག་མུ་མཐུད་འཕར་སྣོན་འགྲོ་བཞིན་ཡོད་པ་རེད།

མའེ་ཁན་ཞིའི་གོ་ལ་ཧྲིལ་པོའི་ཞིབ་འཇུག་ཁང་གི་འགོ་འཛིན་ཧྭ་ཆང་སན་གྱིས། སྙན་ཞུ་འདིའི་ནང་དོན་གྱིས་མའེ་ཁན་ཞིས་ཀྲུང་གོའི་དཔལ་འབྱོར་གྱི་ལོ་རྒྱུས་དང་མ་འོངས་པའི་དུས་མཚམས་དཀྱིལ་མའི་འཕེལ་ཕྱོགས་གྱི་ལྟ་སྟངས་མངོན་ཡོད་པ་དང་། ཁོང་གིས། ང་ཚོས་ཀྲུང་གོའི་དཔལ་འབྱོར་གྱི་མ་འོངས་པར་སེམས་ཤུགས་ཀྱིས་ཁེངས་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་ལ་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས། མུ་མཐུད་ནས་མགྱོགས་མྱུར་འཕར་སྣོན་འགྲོ་རྒྱུ་རེད་ཅེས་བཤད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།