ཞུང་ཨན་ཁུལ་གསར་དུ་གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཆེ་གྲས་ཁག་ཅིག་གཅིག་མཇུག་གཉིས་མཐུད་ངང་ལས་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞུང་ཨན་ཁུལ་གསར་དུ་གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཆེ་གྲས་ཁག་ཅིག་གཅིག་མཇུག་གཉིས་མཐུད་ངང་ལས་འགོ་ཚུགས་ཡོད།

ཞུང་ཨན་ཁུལ་གསར་གྱི་རུང་ཁྲེང་རྫོང་ཤི་ཆན་གྲོང་ཚོའི་ཉེ་འགྲམ་གྱི་ཅུས་མ་ཆུ་བོ་ལྷོ་མའི་ཆུ་ལོག་འགོག་བཅོས་ལས་གྲྭའི་རུང་ཁྲེང་དུམ་བུའི་ལས་ཡུལ་དངོས་སུ་ཨར་སྐྲུན་མི་སྣས་སྔོན་མའི་ཆུ་རག་ཆེན་མོ་མཐོ་རུ་དང་བརྟན་དུ་གཏོང་བའི་ལས་ཀ་བྱེད་བཞིན་ཡོད། ཅུས་མ་ཆུ་བོ་ལྷོ་མའི་ཆུ་ལོག་འགོག་བཅོས་ལས་གྲྭའི་འགན་ཁུར་བ་ལི་ཆིང་ཧྲན་གྱིས། ཅུས་མ་ཆུ་བོ་ལྷོ་མའི་ཆུ་ལོག་འགོག་བཅོས་ལས་གྲྭ་ནི་ཞུང་ཨན་ཁུལ་གསར་གྱི་འགོ་འཛུགས་ཁུལ་བྱང་ངོས་ཀྱི་ཆུ་ལོག་སྔོན་འགོག་ཁུལ་གལ་ཆེན་ཞིག་ཡིན་པས། ཆིང་ཧོ་ཆུ་བོ་ཆེན་མོའི་བྱང་ངོས་ཀྱི་ཆུ་ལོག་སྔོན་འགོག་བྱས་ནས་ཞུང་ཨན་ཁུལ་གསར་གྱི་འགོ་འཛུགས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་གལ་ཆེའི་ནུས་པ་ལྡན་ཡོད་ལ། ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་གོང་འཕེལ་གྱི་འདེགས་སྐྱོར་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་རེད། ལས་གྲྭ་དེ་ཞུང་ཨན་ཁུལ་གསར་རུང་ཁྲེང་དུམ་བུ་དང་པའོ་ཏིང་གྲོང་ཁྱེར་ཏིང་ཤིང་དུམ་བུ། ཀའོ་ཕེ་ཏན་དུམ་བུ་བཅས་ཁག་གསུམ་དུ་དབྱེ་ཡོད། ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མགོར་ལས་འགོ་བཙུགས་ཚུན། ཆུ་རག་ཁག་ཅིག་ལ་ཆུ་ལོག་སྔོན་འགོག་གི་ནུས་པ་ལྡན་ཡོད། སྔོན་མའི་ཆུ་རག་གི་ཆུ་ལོག་སྔོན་འགོག་གི་ལོ་དུས་དེ་ལོ་ལྔ་བཅུ་རེད། མིག་སྔའི་ཆུ་རག་ལས་གྲྭ་དེ་མཇུག་འགྲིལ་རྗེས་ཆུ་ལོག་སྔོན་འགོག་གི་ཚད་གཞི་ལོ་ཉིས་བརྒྱ་རེད། རྗེས་མཐུད་ད་དུང་འབྱུང་ཁམས་ཆུ་རག་དང་ཟུང་འབྲེལ་གྱིས་ཆུ་རག་ཆེན་མོའི་བཞེངས་ཚད་སྨི་བཅུ་དྲུག་ཆེ་རུ་གཏོང་རྒྱུ་དང་། གཞོགས་གཉིས་ལ་སྨི་ཉིས་བརྒྱའི་འབྱུང་ཁམས་བར་ཁམས་འཛུགས་སྐྲུན་བྱ་རྒྱུ་རེད། ང་ཚོའི་ཅུས་མ་ཆུ་བོ་ལྷོ་མའི་ཆུ་རག་དེར་ཆུ་ལོག་སྔོན་འགོག་གི་ནུས་པ་ལྡན་མ་ཟད་ད་དུང་ཞུང་ཨན་ཁུལ་གསར་གྱི་མི་རྣམས་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་གསུངས་ཡོད།

པའེ་ཡང་ཏན་གྱི་འབྱུང་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོབ་ཡག་པོ་བྱེད་པ་དེ་ནི་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་འཛུགས་སྐྲུན་ལ་རྒྱལ་ཁབ་ཐོབ་པའི་འགག་རྩ་ཡིན། འཆར་འགོད་ལྟར་ན། པའེ་ཡང་ཏན་ཁུལ་གྱི་རྒྱུན་ཏན་ཆུ་གནས་དེ་སྨི་དྲུག་དང་སྐར་མ་ལྔ་ནས་སྨི་བདུན་བར་རྒྱུན་འཁྱོངས་ཐུབ་ཀྱི་ཡོད་པ་དང་། རྨ་ཆུ་པའེ་ཡང་ཏན་དུ་འདྲེན་པའི་ལས་གྲྭས་པའེ་ཡང་ཏན་ལ་དགུན་དུས་ཆུ་ཁ་གསབ་ཐུབ་རྒྱུ་རེད། དེར་བརྟེན། སྤྱི་ལོ་༢༠༡༨ལོའི་ཟླ་བ་༡༠པར་ཞུང་ཨན་ཁུལ་གསར་བཙུགས་རྗེས་ཀྱི་རྟག་བརྟན་རང་བཞིན་གྱི་ཆུ་བེད་ལས་གྲྭ་ཐོག་མ་སྟེ་པའེ་ཡང་ཏན་ལ་རྨ་ཆུ་འདྲེན་པའི་ཆུ་འཐེན་འཕྲུལ་འཁོར་ས་ཚིགས་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། མིག་སྔར་ཆུ་འཐེན་འཕྲུལ་འཁོར་ས་ཚིགས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། འཛུགས་སྐྲུན་ལེགས་གྲུབ་ཟིན་རྗེས་ལོ་རེར་ཆུ་འཐེན་འཕྲུལ་འཁོར་ས་ཚིགས་ལ་བརྟེན་ནས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ཁ་གསབ་ཐུབ་བཟོ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།