སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཕྱོགས་བསྡོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2019-07-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཕྱོགས་བསྡོམས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཐད་ཐོབ་པའི་ཕན་འབྲས་ཆེན་པོ་དང་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་བསྡོམས་གནང་བ་དང་། ལས་ཁུངས་བསྒྱུར་བཅོས་ཀྱི་གྲུབ་འབྲས་བརྟན་གཏོང་དང་། སྒོ་ཀུན་ནས་བསྒྱུར་བཅོས་ཟབ་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་ཡོད། རིམ་ཁག་ལས་བྱེད་པས་བསྒྱུར་བཅོས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་གི་རྣམ་པ་གསར་པ་གྲུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་འཛུགས་སྒྲོམ་གཞི་དང་དོ་དམ་སྒྲིག་གཞིར་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་ལྡན་པའི་བསྐྱར་སྒྲིག་བྱས་པ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དེ་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་ཐུབ་ཡོད། རང་བྱུང་ཁོར་ཡུག་པུའུ་རྒྱལ་ཁོངས་ས་ཆའི་བར་ཁམས་འཆར་འགོད་ཅུད་ཀྱི་ཅུད་ཀྲང་གཞོན་པ་མོན་ཞའོ་དབྱིང་གིས། ཐེངས་འདིའི་ལས་ཁུངས་བསྒྱུར་བཅོས་ཀྱི་བརྒྱུད་རིམ་ཁྲོད་དུ་ལོ་མང་རིང་ལས་ཁུངས་ཀྱི་འགན་ནུས་ཁ་ཐོར་དུ་གནས་པའི་རྐྱེན་གྱིས་ཐག་གཅོད་བྱེད་དཀའ་བའི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་ཡོད། དཔེར་ན། སྒྲིག་མང་མཉམ་སྒྲིལ་བྱས་པ་བརྒྱུད་དེ་འཆར་འགོད་བསྐྱར་ཟློས་དང་ཟིང་ཆེ་བ་དང་། འཆར་འགོད་ཀྱི་དབང་གྲགས་རང་བཞིན་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་ལ། འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དཔྱད་དཔོག་མང་པོ་གཅིག་ཏུ་སྒྲིལ་བ་དང་ལག་ཁྱེར་མང་པོ་གཅིག་ཏུ་སྒྲིལ་རྒྱུར་ཡང་སྐུལ་འདེད་ཐུབ་པས་ཞིབ་མཆན་འགོད་པའི་ལས་ཆོད་ཆེ་རུ་སོང་བ་དང་ཞིབ་མཆན་འགོད་པའི་ལྷུ་ཚིགས་དང་དུས་ཚོད་ཉུང་གཏོང་ཐུབ་ཡོད་ཅེས་གསུངས་ཡོད།

དེ་སྔའི་སྤྱི་བདེ་མེ་ཟོན་དང་དྲག་ཆས་ནགས་ཚལ་ཉེན་རྟོག་རུ་ཁག་གཉིས་ད་ཐེངས་ཀྱི་ལས་ཁུངས་བསྒྱུར་བཅོས་ཁྲོད་དུ་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་ཟོན་རོགས་སྐྱོབ་རུ་ཁག་ཏུ་སྒྱུར་ནས། བདེ་འཇགས་ཉེན་ཁ་ཆེ་གྲས་འགོག་སེལ་དང་། རིགས་ཁག་གི་གནོད་འཚེའི་དོན་རྐྱེན་ཐག་གཅོད་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། འཕྲལ་སྒྲུབ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཅུད་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་ཀྲའུ་ཐན་གྱིས། འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་དང་རྒྱལ་ཁབ་རུ་ཁག་གི་གནས་བབ་ལ་གཞིགས་ནས་བརྗེ་སྒྱུར་རིམ་སྤོར་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་སྒོ་ཀུན་ནས་མེ་སྐྱོན་དང་ཆུ་ལོག ས་ཡོམ། ས་གཤིས་གནོད་འཚེ་སོགས་གནོད་འཚེ་མང་པོའི་ཕྱོགས་བསྡུས་རོགས་སྐྱོབ་འགན་ནུས་འཁུར་དགོས། ང་ཚོའི་དཔུང་ཁག་དེ་སྒྲིག་འཛུགས་བྱས་ཚུན་གྱི་ལག་ལེན་དངོས་ནས་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ནི་ཡང་དག་ཡིན་པ་ར་སྤྲོད་གསལ་པོ་ཐུབ་ཡོད་ཅེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྩ་འཛུགས་སྒྲོམ་གཞི་བསྐྱར་འཛུགས་དང་། ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་བྱས་པ་དེས་ང་ཚོས་མཐོང་ཐུབ་པའི་གནད་དོན་ཐག་གཅོད་བྱས་པ་ཙམ་རེད། ད་དུང་ལྐོག་ལྡན་གྱི་གནད་དོན་མང་པོ་ཐག་གཅོད་བྱེད་པར་ལས་དོན་དེ་བས་མང་བ་བསྒྲུབ་དགོས་ཞེས་གསུངས་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་མི་དོན་སིའི་སི་ཀྲང་ཧའོ་ཅུན་ཧུའེ་ཡིས། ཁྲལ་དོན་ཁྱབ་ཁོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར། མིག་སྔར་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཁྲལ་དོན་ལས་ཁུངས་གསར་པ་མཉམ་འདྲེས་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། ཁྲལ་གྲོན་ཉུང་གཏོང་སོགས་ཀྱི་གཙོ་གནད་ལས་དོན་ཁྲོད་དུ་སེམས་ནུས་ཡོད་རྒུ་བཏོན་ཏེ་རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་གྱི་ལས་ཁུངས་ཟླ་སྒྲིལ་བཏང་རྗེས་ཀྱི་མི་དང་བྱ་བ། སྟོབས་ཤུགས། སེམས་པ་བཅས་མཉམ་སྒྲིལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཐད་ཐོབ་པའི་ཕན་འབྲས་ཆེན་པོ་དང་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་བསྡོམས་ནན་ཏན་བྱེད་དགོས་པ་དང་། བསྒྱུར་བཅོས་ཀྱི་གྲུབ་འབྲས་བརྟན་གཏོང་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་འགན་ནུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་གོང་འཕེལ་བསྒྱུར་བཅོས་པུའི་ཁེ་ལས་བསྒྱུར་བཅོས་ཁྲུའི་ཡི་ཁྲུའུ་ཀྲང་ལེའུ་ཏཱ་ཧྥུ་ཡིས། གོམ་སྟབས་རྗེས་མར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ལྕགས་ལམ་བསྒྱུར་བཅོས་ལས་དོན་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ནང་ཁུལ་གྱི་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་ཁེ་ལས་ཁྲོམ་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་བ། ལྕགས་ལམ་འགྲུལ་པར་ཞབས་ཞུ་སྒྲུབ་པའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཤུགས་ཆེར་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།