ལེའང་ཀྲུའུ་གནའ་གྲོང་གི་གནའ་ཤུལ་འཛམ་གླིང་ཤུལ་བཞག་མིང་གཞུང་ནང་འཇུག་རྒྱུའི་ཆོག་མཆན་ཐོབ་པ་དང་། རང་རྒྱལ་དུ་ཡོད་པའི་འཛམ་གླིང་ཤུལ་བཞག་དངོས་པོའི་སྤྱི་འབོར་55ཟིན་ནས་འཛམ་གླིང་གི་ཨང་དང་པོ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-07-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་7པའི་ཚེས་6ཉིན། ཨ་སེ་པེ་ཅང་གི་རྒྱལ་ས་པ་ཁུར་འཚོགས་པའི་སྐབས་43པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་ཐོག ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས་ལེའང་ཀྲུའུ་གནའ་གྲོང་གི་གནའ་ཤུལ་དེ་འཛམ་གླིང་ཤུལ་བཞག་མིང་གཞུང་ནང་འཇུག་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད་པ་རེད། དེར་བརྟེན། ཀྲུང་གོར་ཡོད་པའི་འཛམ་གླིང་ཤུལ་བཞག་དངོས་པོའི་སྤྱི་འབོར་55ཟིན་ནས་འཛམ་གླིང་གི་ཨང་དང་པོ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།