བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་མཇུག་སྒྲིལ་བ།
སྤེལ་བའི་དུས་ཚོད། : 2019-07-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འདི་ལོའི་སྤྱི་ཟླ་6པ་ནི་ཀྲུང་གོའི་བདེ་འཇགས་ཐོན་སྐྱེད་ཟླ་བ་ཨང་18པ་དེ་ཡིན། ཟླ་བ་གཅིག་གི་རིང་། རྒྱལ་ཡོངས་ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཁག་དང་ཚན་པ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་། འཕྲལ་སྒྲུབ་དོ་དམ་པུའི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། རིགས་ཁག་གི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཐོག བདེ་འཇགས་གོང་འཕེལ་གྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་བ་དང་། དམངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་བ་གཅིག་གི་རིང་། འཕྲལ་སྒྲུབ་དོ་དམ་པུས་རྒྱལ་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་བཤད་ཁྲིད་ཆེན་མོ་དང་ཡོངས་བསྒྲགས་སློབ་ཚན་ཐེངས་སུམ་ཁྲི་བཞི་སྟོང་འཚོགས་པ་དང་། རིགས་ཁག་གི་འཕྲལ་སྒྲུབ་ནང་སྦྱོང་དང་ཉམས་ལེན་བྱེད་སྒོ་ཐེངས་ལྔ་ཁྲི་ཉིས་སྟོང་སྤེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་སྤྱི་དམངས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་ཐེངས་ཆིག་ཁྲི་ལྔ་སྟོང་ལྷག་སྤེལ་བ། བདེ་འཇགས་བློ་འདྲི་ཐེངས་སུམ་ཁྲི་ཉིས་སྟོང་ལྷག་བྱས་པ། བདེ་འཇགས་རིགས་ཀྱི་དཔེ་དེབ་དང་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་དུང་ཕྱུར་གསུམ་དང་བྱེ་བ་བདུན་སྤྲད་པ། རིགས་ཁག་གི་ཐེར་འདོན་སྟེགས་བུ་བརྒྱུད་ལན་ཆ་དང་ཁུངས་སྣེ་ཆིག་སྟོང་ཙམ་ཚུར་བསྡུ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།