སློབ་སྡོད་སློབ་མས་སྔ་སྣུར་དུ་ལས་ཀར་ཞུགས་པར་རྩོད་གླེང་ཐོན་སླ་བས་སྔ་ཙམ་ནས་སྔོན་འགོག་བྱེད་དགོས།
སྤེལ་བའི་དུས་ཚོད། : 2019-07-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། པེ་ཅིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་བརྟག་དཔྱད་བྱས་ནས་ཤེས་རྟོགས་ཐུབ་པར། སྤྱི་ལོ་༢༠༡༦ལོའི་ཟླ་༥པའི་ཚེས་༡ཉིན་ནས་སྤྱི་ལོ་༢༠༡༩ལོའི་ཟླ་༤པའི་ཚེས་༣༠བར། པེ་ཅིང་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཁག་གིས་སློབ་སྡོད་སློབ་མས་སྔ་སྣུར་དུ་ལས་ཞུགས་བྱེད་པའི་ངལ་རྩོལ་རྩོད་གླེང་གི་འདྲི་ཞིབ་གཉིས་པའི་གྱོད་གཞི་༢༤འདྲི་གཅོད་བྱས་ཚར་ཡོད། དཔེར་ན། ཞའོ་ལི་དང་ཚན་རྩལ་ཀུང་སི་ག་གེ་མོའི་བར་ངལ་རྩོལ་གན་རྒྱ་བཞག་ནས། འཁྲབ་སྟོན་ཐད་ཀྱི་ལས་འགན་འཁུར་ཡོད། འོན་ཀྱང་གླ་ཆ་ཆད་འགྱངས་བྱས་པའི་རྐྱེན་གྱིས་རྩོད་གཞི་བྱུང་རྗེས། ཚན་རྩལ་ཀུང་སི་དེས་ཞའོ་ལི་ནི་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་གསོག་མཁན་ཞིག་ཡིན་པས། ཕྱོགས་གཉིས་པོའི་བར་ངལ་ལས་འབྲེལ་བ་རེད་ཅེས་བརྗོད་པ་ལྟར་རེད།

འབྲེལ་ཡོད་ཁྲིམས་དཔོན་གྱིས་དབྱར་གསེང་མ་སླེབས་གོང་། མི་སྤྱོད་ཚན་པས་དངོས་སྦྱོང་མིང་དུ་འཁྱེར་ནས་ངལ་རྩོལ་བཅའ་ཁྲིམས་རྡོག་རོལ་དུ་གཏོང་བའི་བྱ་སྤྱོད་ཐོན་ཚེ། ངལ་རྩོལ་སྲིད་ཁྲིམས་ཚན་པ་བརྒྱུད་ཐེར་འདོན་བྱེད་ཆོག་པའམ་ཡང་ན་ངལ་རྩོལ་རྩོད་གླེང་ཁྲུན་གཅོད་དང་། གཏུག་བཤེར་ཐབས་ལམ་བརྒྱུད་ཐག་གཅོད་བྱས་ཏེ། རང་སོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ཆེད་བསྔགས་དྲན་སྐུལ་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།