ཤིན་ཅང་གི་གྲོང་གསེབ་ཡུལ་སྐོར་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཐད་ཀར་ཡུལ་སྐོར་ཁྲོམ་རར་སྐུལ་འཁྲིད་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་ཐེབས་པ།
སྤེལ་བའི་དུས་ཚོད། : 2019-07-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཤིན་ཅང་གི་གྲོང་གསེབ་ཡུལ་སྐོར་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཐད་ཀར་ཡུལ་སྐོར་ཁྲོམ་རར་སྐུལ་འཁྲིད་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་ཐེབས་ཡོད་པ་རེད།

མ་གཞི་ཚ་སྡུག་ཆེ་བའི་དབྱར་དུས་ཡིན་ནའང་། ཤིན་ཅང་ཁྲང་ཅི་ཁུལ་ཆི་ཐའེ་རྫོང་ལྷོ་རྒྱུད་རི་ཁུལ་དུ་གནས་པའི་ཏ་ཆོན་ཐ་ཐར་རིགས་ཀྱི་ཐ་ཐར་ཚོ་པའི་མཛེས་ལྗོངས་ཁུལ་དུ་བསིལ་རླུང་དལ་བུར་ལྡང་བཞིན་ཡོད། མཛེས་སྡུག་ལྡན་པའི་རི་ཁུལ་མཛེས་ལྗོངས་དང་ཐུན་མིན་ཁྱད་ཆོས་ལྡན་པའི་ཐ་ཐར་རིགས་ཀྱི་འཛུགས་སྐྲུན་དང་། བག་ཕེབས་པའི་ཐ་ཐེར་རིགས་ཀྱི་ཞབས་བྲོ་སོགས་ཀྱིས་གྲོང་ཁྱེར་ཆེན་མོའི་མི་ཚོགས་མང་པོ་ཞིག་སྤྲོ་གསེང་ཚ་གཡོལ་དང་ཡུལ་སྐོར་བྱེད་དུ་འདྲེན་འགུག་བྱེད་བཞིན་ཡོད།

ཁ་ཁུ་སིམ་པའི་ངང་དར་འཕེལ་བྱུང་བའི་གྲོང་གསེབ་ཡུལ་སྐོར་དེ་ཉིད་ཤིན་ཅང་ཡུལ་སྐོར་ལས་རིགས་ཀྱི་བཀྲག་མདངས་འཚེར་ས་གཞན་ཞིག་ཏུ་གྱུར་བཞིན་ཡོད། ཉེ་དུས། སྤྱི་ལོ་༢༠༡༩ལོ་ནས་༢༠༢༠ལོའི་བར་གྱི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྡེ་ཁག་༡༣གྱིས་གྲོང་གསེབ་ཡུལ་སྐོར་བྱ་གཞག་གོང་འཕེལ་དང་། སྤུས་ཚད་མཐོར་གཏོང་། རིམ་སྤོར་བཅས་ཀྱི་ལག་བསྟར་ཇུས་གཞི་ཞེས་པ་དཔར་འགྲེམས་བྱས་པ་དང་། གྲོང་གསེབ་ཡུལ་སྐོར་གོང་འཕེལ་འགྲོ་བའི་ལྷུ་ཚིགས་ཞན་ས་དག་ལ་གཞིགས་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ། མ་རྩ་བསྡུ་རུབ་བྱ་ཐབས་གསར་གཏོད། ཆ་སྦྱོར་སྲིད་ཇུས་སོགས་ཕྱོགས་ལྔའི་ཐད་ནས་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོས་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་མགྱོགས་སུ་གཏོང་རྒྱུར་དམིགས་ནས། གྲོང་གསེབ་ཡུལ་སྐོར་གྱིས་འཛད་སྤྱོད་དང་། དབུལ་སྒྲོལ་འགག་གཏོར། གྲོང་གསེབ་དར་སྤེལ། དམངས་འཚོ་ལེགས་བཅོས། སྤུས་ཚད་མཐོ་བའི་གོང་འཕེལ་དོན་འཁྱོལ་བཅས་ལ་སྐུལ་འདེད་གཏོང་བའི་སྐུལ་ཁྲིད་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་ལྷག་པ་བྱས་ནས། ཡུལ་སྐོར་ལས་རིགས་དེ་ཉིད་ཤིན་ཅང་འཐབ་ཇུས་ཀྱི་ཀ་རྟེན་ཐོན་ལས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།