ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་བསྒྱུར་བཅོས་གཏིང་ཟབ་ཐེངས་གཅིག་ཅེས་པའི་སྐབས་བསྟུན་དཔྱད་གླེང་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-07-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་རྒྱལ་ཁབ་བཅོས་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་བསྒྱུར་བཅོས་གཏིང་ཟབ་ཐེངས་གཅིག་ཅེས་པའི་སྐབས་བསྟུན་དཔྱད་གླེང་ཞིག་ཞུ་རྒྱུ་ཡིན།

དཔྱད་གླེང་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་བསྡོམས་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་བ་དང་། དེར་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཤུགས་ཆེན་ལྡན་པས། ཏང་དང་རྒྱལ་ཁབ་ཚན་པའི་འགན་ནུས་མ་ལག་མུ་མཐུད་འཐུས་སྒོ་ཇེ་ཚང་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་། ས་གནས་ཁག་གི་བསྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་རྒྱུ་དང་། ཞིབ་ཚགས་ངང་དོན་འཁྱོལ་ཐུབ་རྒྱུར་བྱ་སྤྱོད་ཁ་ཕྱོགས་མཁོ་འདོན་མཛད་ཡོད་ཅེས་བསྟན་ཡོད།

ད་ཐེངས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་གཞི་ཁྱོན་དང་། ཤུགས་དྲག གཏིང་ཚད་བཅས་སྔོན་བྱུང་མ་མྱོང་བ་ཞིག་ཡིན། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་ཁྱོན་ཡོངས་མཐོ་ཚད་ཐོག་ནས་གཏན་འཁེལ་གནང་བའི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་བསྒྱུར་བཅོས་གཏིང་ཟབ་བྱེད་ཐེངས་ཤིག་ཀྱང་ཡིན། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་སུ་བརྟན་པོར་ངེས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་བྱེད་པའི་རྣམ་པ་གསར་པ་ཟམ་ཆད་པར་གཏོད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།