མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་རྩོམ་ཡིག
སྤེལ་བའི་དུས་ཚོད། : 2019-07-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཐོག་སྤྱི་ཚེས་༦ཉིན་འགོ་བརྗོད་དུ་ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་ནུས་ལྡན་གྱི་ལམ་ལུགས་འགན་སྲུང་བྱེད་ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་སྡོམ་ཚོགས་འདུའི་ཐོག་གི་གལ་ཆེའི་གསུང་བཤད་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་གླེང་བ་ཞེས་འཁོད་པའི་དཔྱད་གཏམ་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། ཏང་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་བྱ་ཐབས་ཞིག་ཡིན་པ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་བྱ་སྤྱོད་ཅིག་ཡིན་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ནུས་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གཅིག་འདུས་བྱ་སྤྱོད་ཅིག་བཅས་རེད། སྒྱུར་བཅོས་བྱས་རྗེས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དོན་འཁྱོལ་ནུས་ལྡན་བྱུང་བ་དང་ཏང་གི་གཅིག་འདུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པའི་ལས་ཁུངས་ཀྱི་འགན་ནུས་མ་ལག་སྔར་བས་འཐུས་སྒོ་ཚ་དུ་སོང་བ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་འགན་འཁྲི་སྔར་བས་བདེ་བླག་དང་ལས་ཆོད་མཐོ་རུ་ཕྱིན་པ། ཀྲུང་དབྱང་ནས་ས་གནས་བར་གྱི་འཁོར་སྐྱོད་བདེ་བླག་བྱུང་བ་དང་གསོན་ཤུགས་ཀྱི་ཁེངས་པའི་ལས་དོན་མ་ལག་ཅིག་ཆགས་པ། ཏང་གིས་དམག་དཔུང་དང་དྲག་ཆས་ཉེན་རྟོག སྤྱི་བདེ་བཅས་ལ་རྦད་དེ་འགོ་ཁྲིད་བྱེད་རྒྱུ་སྔར་བས་ཤུགས་ཆེ་ནུས་ལྡན་བྱུང་ཡོད། དོན་དངོས་ཐོག་ནས་རང་སྤྲོད་གང་ལེགས་ཐུབ་གསལ་ལ། ཏང་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་ཇུས་ནི་རྦད་དེ་ཡང་དག་པ་དང་ཏང་གི་ཁྱོན་ཡོངས་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཕན་ནུས་ལྡན་ཐོན་པའི་རྩ་བའི་འགན་ལེན་ཞིག་རེད་ཅེས་འཁོད་འདུག

རྩོམ་ཡིག་ནང་། ད་ཐེངས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དེས་རྩ་འཛུགས་སྒྲོམ་གཞི་སྐྱར་འཛགས་དང་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་བྱེད་རྒྱུ་ལེགས་གྲུབ་བྱུང་ཡོད། འོན་ཀྱང་ཕྱི་ཚུལ་རྣམ་པའི་ཐད་ཀྱི་གནད་དོན་ཐག་གཅོད་ཐུབ་པ་ཙམ་ལས་འབྱུང་རྩའི་ཐོག་ནས་འགྱུར་བ་གཏོང་རྒྱུར་ད་དུང་ལས་དོན་བྱེད་རྒྱུ་མང་པོ་ཡོད་པས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དེས་གཅིག་འགྱུར་བཀོད་འདོམས་བྱེད་པ་དང་ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ།ཏང་གིས་གལ་ཆེའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཏང་གིས་ཁ་ཕྱོགས་ཚོད་འཛིན་བྱེད་པ་དང་གནས་བབ་ཧྲིལ་པོ་ཇུས་བཀོད་བྱེད་པ། སྲིད་ཇུས་གཏན་ལ་ཕབ་རྒྱུ སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་འཇོན་ནུས་དང་གཏིང་ཤུགས་ཆེ་རུ་བཏང་ནས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ནུས་ལྡན་གྱི་ལམ་ལུགས་འགན་སྲུང་བྱེད་དགོས་ཀྱི་ཡོད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།