ལི་ཀྲན་ཧྲུའུ་ཡིས་བྷ་ག་ལ་རྒྱལ་ཁབ་ཀྱི་ཙུང་ལི་དང་ཐུག་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-07-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་༥ཉིན་མི་དམངས་ཚོགས་ཁང་ཆེན་མོར་བྷང་ག་ལ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་ཞི་ན་དང་ཐུག་འཕྲད་གནང་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས། སྤྱི་ལོ་༢༠༡༦ལོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་་ཙུང་ལི་སྐུ་ཉིད་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བར་རིམ་སྤོར་གནང་བ་དང་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་འགྲོ་འོང་གི་ལེའུ་གསར་པ་གཏོད་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཏ་པན་དབུ་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་སྐབས་མིའི་རིགས་འདི་ཉིད་སྒོ་བཀག་རང་སྲུང་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་རྒྱུ་ནི་འགོག་ཐབས་མེད་པའི་དུས་རབས་ཀྱི་རླབས་རྒྱུན་རེད་ཅེས་བསྟན་གནང་བ་དང་ཀྲུང་གོའི་ཕྱོགས་ནས་འཛམ་གླིང་རྒྱལ་ཁབ་ཁག་མཉམ་ལས་གཉིས་རྒྱལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་ཀྱི་ཡོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོས་བྷང་ག་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་བར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་རྒྱུ་གཙོ་བོར་བཞག་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་བས་ལེགས་པ་སྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་བྷང་ག་ལ་གྲོས་ཚོགས་ཁང་བར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་འདོད་ཡོད་ཅེས་གསུངས་འདུག

ཧ་ཞི་ན་ཡིས། བྷང་ག་ལ་ཕྱོགས་ནས་ཀྲུང་གོས་ཡུན་རིང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།