སུང་པན་ཅིང་ཅེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་རྒྱུན་གསུང་སྒྲ་བསྒྲགས་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-07-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏ་པན་དབུ་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ནས། ཀྲུང་གོས་གོམ་གང་མདུན་སྤོས་ངང་གལ་ཆེའི་བྱ་ཐབས་འགའ་ཞིག་འདོན་རྒྱུ་དང་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་གང་མགྱོགས་ཆགས་པ་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། ཏ་པན་བཟོ་ཚོང་གྲོས་ཚོགས་ཁང་གི་རྒྱལ་སྤྱིའི་པུའུ་ཀྲང་སུང་པན་ཅིང་ཅེ་ཡིས། གལ་ཆེའི་གསུང་བཤད་དེས་མི་སེམས་འགུལ་བའི་ཆ་འཕྲིན་བརྒྱུད་བསྒྲགས་བྱས་ཡོད་ཅེས་བསྟན་པ་དང་།

ཁོང་གིས། ཉེ་བའི་ལོའི་ནང་། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྒོ་དབྱེ་རྒྱ་ཆེར་སྔར་ལས་ལྷག་པ་བྱེད་པའི་ཐད་ཀྲུང་གོས་གཟབ་ནན་གྱི་གོམ་པ་གསར་པ་ཟམ་མི་ཆད་པར་སྤོས་པས། དེ་ནི་དགའ་འོས་པ་ཞིག་ཡིན། ཀྲུང་གོས་ལེགས་འགྲུབ་ལྡན་པའི་སྒོ་ནས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་གཉེར་བ་ནི་དཔེ་མཚོན་བཟང་པོ་ཞིག་ཡིན་ཞེས་བསྟན་པ་དང་།

ཁོང་གིས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏ་པན་དབུ་ཚོགས་དེ་ཉིད་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ལ་འགྱུར་རྒྱུ་དང་། དེས་འཛམ་གླིང་ཡོངས་ནས་རང་མོས་ཉོ་ཚོང་དང་ཁྲིམ་ར་སྒོ་དབྱེ་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བསྐྱར་མ་ཐུབ་རྒྱུ་དང་། འཛམ་གླིང་དཔལ་འབྱོར་བརྟན་པོ་དང་འཕར་སྣོན་ཡོང་རྒྱུར་དོན་སྙིང་གཏིང་ཟབ་ལྡན་རྒྱུ་རེད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏ་པན་དབུ་ཚོགས་ཐོག་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་རྒྱུན་གསུང་སྒྲ་བསྒྲགས་ནས། འཛམ་གླིང་གོང་འཕེལ་འགྲོ་རྒྱུར་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྣོན་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།