ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཀྲུང་གོའི་ཤིན་ཅང་གོང་འཕེལ་གྱི་གྲུབ་འབྲས་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ། ཐལ་སྐྱོད་ཅན་མེད་པ་བཟོ་བའི་གྲུབ་འབྲས་ཐད་བསྔགས་བརྗོད་བྱས་པ།
སྤེལ་བའི་དུས་ཚོད། : 2019-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་ནེ་ཝའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་རུ་ཡོད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་སུ་རྒྱུན་ཞུགས་ཀྲུང་གོའི་སྐུ་ཚབ་ཚོགས་པས་སྤྱི་ཚེས་3ཉིན་རེ་ནེ་ཝའི་ཝན་གོ་ཕོ་བྲང་དུ། ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་གྱི་གྲུབ་འབྲས་ཞེས་པའི་བརྗོད་དོན་གཙོ་བོའི་གྲོས་ཚོགས་སྐོང་འཚོགས་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་བཞིན་པའི་ཀྲུང་གོའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཉེ་ཆར་ཀྲུང་གོར་འཚམས་འདྲིར་ཕེབས་པ་མ་ཟད་ཤིན་ཅང་ལ་འཚམས་འདྲི་གནང་བའི་འབྲེལ་ཡོད་རྒྱལ་ཁབ་ཀྱི་རྒྱུན་ཞུགས་སྐུ་ཚབ་གདན་འདྲེན་ཞུས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

གཞུང་ཚབ་ཆེན་མོ་རྣམས་ཀྱིས་ཤིན་ཅང་གི་གོང་འཕེལ་དང་འགྲོ་བ་མིའི་ཐོབ་ཐང་བྱ་བཞག་གི་གྲུབ་འབྲས་དང་། དེ་བཞིན་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། རེ་ནེ་ཝར་རྒྱུན་ཞུགས་རྒྱལ་ཁབ་20ལྷག་གི་སྐུ་ཚབ་ཚུད་པའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་དཔོན་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་དཔོན་པོ། སྨྱན་སྦྱོར་ཚན་པ། སྲིད་གཞུང་མིན་པའི་སྒྲིག་འཛུགས་བཅས་ཀྱི་སྐུ་ཚབ་160ལྷག་ཚོགས་འདུར་བཞུགས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་ནེ་ཝའི་དོན་ཁྲུའུ་རུ་དང་སུའེ་ཙེར་རུ་ཡོད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་གཞན་དག་ནང་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་ཁྲེན་ཤུས་ཀྱིས་ཤིས་ཚིག་གསུངས་སྐབས། མིག་སྔར་ཀྲུང་གོའི་ཤིན་ཅང་ནི་ལོ་རྒྱུས་ཐོག་གོང་འཕེལ་མགྱོགས་ཤོས་དང་བརྟན་ལྷིང་ཆེ་ཤོས་ཀྱི་དུས་མཚམས་སུ་གནས་ཡོད། བདེ་འཇགས་དང་བརྟན་ལྷིང་ནི་གོང་འཕེལ་དང་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། ཀྲུང་གོའི་ཤིན་ཅང་གིས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་འགན་སྲུང་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས། ཁྲིམས་ལྟར་རྩུབ་སྤྱོད་འཇིགས་སྐུལ་ཉེས་བསགས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་ཆབས་ཅིག སྔོན་འགོག་རང་བཞིན་གྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་འབྱུང་རྩའི་བཅོས་སྒྲིག་ལ་མཐོང་ཆེན་བྱེད་པ་སྟེ། ལས་རིགས་རྩལ་ནུས་སློབ་གསོའི་གསོ་སྦྱོང་ལྟེ་གནས་བཙུགས་པ་ཡང་དེའི་ནང་ཚུད་ཡོད་ཅིང་། ནུས་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཉེ་བའི་ལོ་3ནང་། ཀྲུང་གོའི་ཤིན་ཅང་ལ་གཏུམ་སྤྱོད་དོན་རྐྱེན་ཐེངས་གཅིག་ཀྱང་ཐོན་མེད། ཀྲུང་གོའི་ཤིན་ཅང་གི་དར་རྒྱས་མཛེས་སྡུག་དང་གོང་འཕེལ་གྲུབ་འབྲས་ལ་རྒྱ་ཁྱབ་ངང་བསྔགས་བརྗོད་ཐོབ་ཡོད། ཀྲུང་གོས་དོན་དངོས་དང་མཐུན་ལ་གཞུང་དྲང་བའི་མི་སྣ་དེ་བས་མང་བ་ཤིན་ཅང་དུ་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཀྲུང་གོའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུ་སུ་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཨ་ཞི་མུ་དང་། ཧོ་ཐན་ས་ཁུལ་མོ་ཡུས་རྫོང་གི་རྫོང་དཔོན་ཝུ་མེར་གྱིས་ཞིབ་ཕྲའི་དངོས་དཔེ་དང་ཟུང་འབྲེལ་བྱས་ཏེ། ས་གནས་དེ་གས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། དབུལ་ཕོངས་ཉུང་གཏོང་། དམངས་འཚོ་ལེགས་བཅོས་སོགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་དང་དེར་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་ཡོད་པ་དང་། ཀྲུང་གོའི་ཤིན་ཅང་གིས་མི་དམངས་ཀྱིས་ལྟེ་བ་བྱེད་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རོགས་རམ་འོག མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་འབད་འཐབ་བྱས་པ་བརྒྱུད། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་། དཔལ་འབྱོར་སྐྱོན་བྲལ་གོང་འཕེལ། སྐྱེ་ཁམས་རྒྱུན་མཐུད་ལེགས་བཅོས། མི་དམངས་བདེ་སྡོད་ལས་སྐྲུན་བཅས་ཀྱི་གནས་བབ་བཟང་པོ་མངོན་འགྱུར་ཐུབ་ཡོད། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་ཤིན་ཅང་གིས་སྔོན་འགོག་རང་བཞིན་གྱི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་བྱེད་ཐབས་སྤྱད་དེ། ཁྲིམས་ལྟར་ལས་རིགས་རྩལ་ནུས་སློབ་གསོའི་གསོ་སྦྱོང་ལྟེ་གནས་བཙུགས་པ་དང་། སློབ་མ་རྣམས་ཀྱིས་རིམ་བཞིན་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་བསམ་པའི་ཚོད་འཛིན་མེད་པ་བཟོས་ཡོད་པ་དང་། དངོས་སྤྱོད་ལག་རྩལ་ངེས་ཅན་སློབ་སྦྱོང་ཐུབ་ཡོད། མིག་སྔར་སློབ་མ་མང་པོ་ཞིག་སློབ་མཇུག་སྒྲིལ་ནས་སློབ་གྲྭ་ནས་ཐོན་ཡོད་པ་དང། ལས་ཞུགས་བརྟན་པོ་བྱུང་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

ཨར་ཅི་རི་ཡ་དང་། ལོ་སེ། སེར་ཝེ་ཡ་བཅས་ཀྱི་རྒྱུན་ཞུགས་འཐུས་མིས་གཏམ་བཤད་སྐུ་མགྲོན་ངོས་ནས་ཚོགས་འདུར་ཞུགས་པ་དང་། ཀྲུང་གོའི་ཤིང་ཅང་ལ་མཐོང་ཐོས་བྱུང་བའི་གནས་ཚུལ་དངོས་ངོ་སྤྲོད་བྱས་ཡོད། ཁོང་རྣམ་པས་ཀྲུང་གོའི་ཤིང་ཅང་གི་དར་རྒྱས་གོང་འཕེལ་དང་། བདེ་འཇགས་བརྟན་ལྷིང་། སྒོ་དབྱེ་སྣེ་མང་། ཁོག་ཡངས་འཆམ་མཐུན་བཅས་ཀྱིས་ཁོང་ཚོར་བག་ཆགས་གཏིང་ཟབ་བཞག་པ་དང་། ཀྲུང་གོའི་ཤིང་ཅང་ལ་གཞན་ནས་ཡིད་སྨོན་སྐྱེ་དགོས་པའི་དབུལ་སེལ་གྲུབ་འབྲས་ཐོབ་ཡོད། གཞན་ཡང་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་སྐད་དང་རིག་གནས་དབང་ཆ་འགན་སྲུང་ནུས་ལྡན་ཐུབ་ཡོད་ཅེས་བསྟན་འདུག ཨུ་རུ་སུ་དང་། ཉི་ཀྲེར་རི་ཡ། བྱང་ཁུ་རེ་ཡ། ཝེ་ནེ་ཙུའེ་ལ། ཧྥི་རུ་པིན། ཨེ་ལི་ཐེ་ལི་ཡ། པུ་ལུང་ཏི། སོ་མ་ལི། ནེ་པ་ལ། ཏོ་ཀི། པེ་ཨུ་རུ་སུ། ཕ་ཁི་སི་ཐན། ཁུ་པ་སོགས་རྒྱལ་ཁབ་ཀྱི་རྒྱུན་ཞུགས་འཐུས་མི་དང་མཐོ་རིམ་ཕྱི་འབྲེལ་དཔོན་གྱིས་གཅིག་མཇུག་གཉིས་མཐུད་ངང་ཀྲུང་གོའི་ཤིང་ཅང་གི་གོང་འཕེལ་དང་། དབུལ་སེལ་གྲུབ་འབྲས། འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་གྲུབ་འབྲས་སོགས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད།

ཉེ་དུས་ཀྲུང་གོའི་ཤིང་ཅང་ལ་འཚམས་འདྲིར་ཕེབས་པའི་གཞུང་ཚབ་ཕོ་ཉ་རྣམ་པས། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་དང་། ཁ་བྲལ་རིང་ལུགས། ཆོས་ལུགས་ཐལ་སྐྱོད་རིང་ལུགས་བཅས་ཀྱིས་ཀྲུང་གོའི་ཤིང་ཅང་གི་མི་རིགས་ཁག་གི་མང་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་ཤིང་ཅང་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཟུང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱས་ཡོད་པས། ཀྲུང་གོའི་ཤིང་ཅང་གི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་ཉམས་མྱོང་རྒྱལ་ཁབ་ཁག་གིས་སློབ་སྦྱོང་དང་དཔྱར་གཞིར་འཛིན་རིན་ཆོག་པ་ཞིག་ཡིན། ཀྲུང་གོས་མུ་མཐུད་རྒྱལ་ཁབ་ཁག་དང་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད། ནུབ་ཕྱོགས་ཀྱིས་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལྟེ་གནས་དེ་སློབ་གསོ་བསྐྱར་མའི་སྒར་སར་འབོད་པ་དེ་དམའ་འབེབས་རང་རེད། ཁོང་ཚོས་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལྟེ་གནས་ཀྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཡག་པ་དང་། སློབ་མ་ཚོའི་སློབ་སྦྱོང་གི་བརྩོན་སེམས་ཆེ་བ་མིག་མཐོང་ལག་ཟིན་བྱུང་ལ་སློབ་མ་ཚོས་དེ་གར་སློབ་སྦྱོང་བྱེད་རྒྱུ་བྱུང་བར་སེམས་གཏིང་ནས་དགའ་སྣང་བྱེད་ཀྱི་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུབ་ཕྱོགས་པའི་འཁྱོག་བཤད་ལ་ཡིད་ཆེས་བྱེད་རྒྱུ་མེད་ཅེས་བསྟན་ཡོད་པ་རེད།

ཨེར་ཅི་རི་ཡ་དང་། ལོ་སེ། སེར་ཝེ་ཡ་བཅས་ཀྱི་རྒྱུན་ཞུགས་འཐུས་མིས་གཏམ་བཤད་སྐུ་མགྲོན་ངོས་ནས་ཚོགས་འདུར་ཞུགས་པ་དང་། ཀྲུང་གོའི་ཤིང་ཅང་ལ་མཐོང་ཐོས་བྱུང་བའི་གནས་ཚུལ་དངོས་ངོ་སྤྲོད་བྱས་ཡོད། ཁོང་རྣམ་པས་ཀྲུང་གོའི་ཤིང་ཅང་གི་དར་རྒྱས་གོང་འཕེལ་དང་། བདེ་འཇགས་བརྟན་ལྷིང་། སྒོ་དབྱེ་སྣེ་མང་། ཁོག་ཡངས་འཆམ་མཐུན་བཅས་ཀྱིས་ཁོང་ཚོར་བག་ཆགས་གཏིང་ཟབ་བཞག་པ་དང་། ཀྲུང་གོའི་ཤིང་ཅང་ལ་གཞན་ནས་ཡིད་སྨོན་སྐྱེ་དགོས་པའི་དབུལ་སེལ་གྲུབ་འབྲས་ཐོབ་ཡོད། གཞན་ཡང་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་སྐད་དང་རིག་གནས་དབང་ཆ་འགན་སྲུང་ནུས་ལྡན་ཐུབ་ཡོད་ཅེས་བསྟན་འདུག ཨུ་རུ་སུ་དང་། ཉི་ཀྲེར་རི་ཡ། བྱང་ཁུ་རེ་ཡ། ཝེ་ནེ་ཙུའེ་ལ། ཧྥི་རུ་པིན། ཨེ་ལི་ཐེ་ལི་ཡ། པུ་ལུང་ཏི། སོ་མ་ལི། ནེ་པ་ལ། ཏོ་ཀི། པེ་ཨུ་རུ་སུ། ཕ་ཁི་སི་ཐན། ཁུ་པ་སོགས་རྒྱལ་ཁབ་ཀྱི་རྒྱུན་ཞུགས་འཐུས་མི་དང་མཐོ་རིམ་ཕྱི་འབྲེལ་དཔོན་གྱིས་གཅིག་མཇུག་གཉིས་མཐུད་ངང་ཀྲུང་གོའི་ཤིང་ཅང་གི་གོང་འཕེལ་དང་། དབུལ་སེལ་གྲུབ་འབྲས། འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་གྲུབ་འབྲས་སོགས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད།

ཉེ་དུས་ཀྲུང་གོའི་ཤིང་ཅང་ལ་འཚམས་འདྲི་ཞུ་བའི་གཞུང་ཚབ་ཕོ་ཉ་རྣམ་པས། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་དང་། ཁ་བྲལ་རིང་ལུགས། ཆོས་ལུགས་ཐལ་སྐྱོད་རིང་ལུགས་བཅས་ཀྱིས་ཀྲུང་གོའི་ཤིང་ཅང་གི་མི་རིགས་ཁག་གི་མང་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་ཤིང་ཅང་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཟུང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱས་ཡོད་པས། ཀྲུང་གོའི་ཤིང་ཅང་གི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་ཉམས་མྱོང་རྒྱལ་ཁབ་ཁག་གིས་སློབ་སྦྱོང་དང་དཔྱར་གཞིར་འཛིན་རིན་ཆོག་པ་ཞིག་ཡིན། ཀྲུང་གོས་མུ་མཐུད་རྒྱལ་ཁབ་ཁག་དང་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད། ནུབ་ཕྱོགས་ཀྱིས་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལྟེ་གནས་སློབ་གསོ་བསྐྱར་མའི་སྒར་ས་ཞེས་འབོད་པ་དེ་དམའ་འབེབས་རང་རེད། ཁོང་ཚོས་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལྟེ་གནས་ཀྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཡག་པ་དང་། སློབ་མ་ཚོའི་སློབ་སྦྱོང་གི་བརྩོན་སེམས་ཆེ་བ་མིག་མཐོང་ལག་ཟིན་བྱུང་ལ་སློབ་མ་ཚོས་དེ་གར་སློབ་སྦྱོང་བྱེད་རྒྱུ་བྱུང་བར་སེམས་གཏིང་ནས་དགའ་སྣང་བྱེད་ཀྱི་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུབ་ཕྱོགས་པའི་འཁྱོག་བཤད་ལ་ཡིད་ཆེས་བྱེད་ཀྱི་མེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།