ཤང་ཀང་གི་ཉེན་རྟོག་ཕྱོགས་ནས་ཁྲིམས་འཛུགས་ཁང་གི་ཕྱོགས་བསྡུས་ཁང་ཆེན་དུ་བྱུང་བའི་རྩུབ་སྤྱོད་དོན་རྐྱེན་གྱི་འབྲེལ་ཡོད་མི་སྣ་12འཛིན་བཟུང་བྱས་ཡོད་ཅེས་བརྗོད་པ།
སྤེལ་བའི་དུས་ཚོད། : 2019-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་4ཉིན་ཤང་ཀང་ཉེན་རྟོག་སྤྱི་པའི་འབྲེལ་བའི་ཚན་ཁག་ནས། འཇབ་རྒོལ་རང་བཞིན་གྱི་མཚོན་ཆ་ཉར་ཚགས་དང་། ཁྲིམས་འགལ་འདུ་འཛོམས། ཉེན་རྟོག་པར་འཇབ་རྒོལ་བྱེད་པ། ཉེན་རྟོག་མི་སྣས་ལས་དོན་བསྒྲུབ་པར་འགོག་རྐྱེན་བཟོས་པ་སོགས་ཉེས་བསགས་དོགས་པ་ཡོད་པའི་ཐོག་ནས་སྤྱི་ཚེས་1ཉིན་ཁྲིམས་འཛུགས་ཁང་གི་ཕྱོགས་བསྡུས་ཁང་ཆེན་དུ་བྱུང་བའི་རྩུབ་སྤྱོད་དོན་རྐྱེན་གྱི་འབྲེལ་ཡོད་མི་སྣ་12འཛིན་བཟུང་བྱས་ཡོད་ཅེས་བརྗོད་ཡོད། མིག་སྔར་ཤང་ཀང་ཁྲིམས་འཛུགས་ཁང་ལ་རྩུབ་སྤྱོད་རྔམ་སྟོན་པས་གཏོར་བཤིག་བཏང་བའི་དབང་གིས་མུ་མཐུད་སྒོ་བརྒྱབ་ཡོད་པ་དང་། ཤང་ཀང་ཉེན་རྟོག་ཕྱོགས་ནས་མུ་མཐུད་ཁང་ཆེན་ནང་དཔང་ལེན་ལས་དོན་སྤེལ་བཞིན་ཡོད་པ་རེད།

ཤང་ཀང་ཉེན་རྟོག་ཕྱོགས་ནས་ད་དུང་། འཇབ་རྒོལ་རང་བཞིན་གྱི་མཚོན་ཆ་ཉར་ཚགས་དང་། འཇབ་རྒོལ་བྱས་ནས་མི་ལུས་ལ་གནོད་འཚེ་བཟོས་པ་སོགས་ཉེས་བསགས་ དོགས་པ་ཡོད་པའི་ཐོག་ནས་སྤྱི་ཟླ་6པའི་ཚེས་30ཉིན་གྱི་དབུས་ཁུལ་གྱི་སྤྱི་པའི་འདུ་འཛོམས་ཤིག་རིང་ཐོན་པའི་གྱོད་གཞི་མང་པོའི་འབྲེལ་ཡོད་མི་སྣ་6འཛིན་བཟུང་བྱས་ཡོད་ཅེས་བསྟན་ཡོད་འདུག དེ་མིན་ཤང་ཀང་ཉེན་རྟོག་ཕྱོགས་ནས་ད་དུང་ཁག་སོ་སོར་དྲ་ཐོག་ཏུ་ཉེན་རྟོག་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། དྲང་གཞག་ངང་རྩིས་འཕྲུལ་ལེན་སྤྱོད་མི་བྱེད་པ། ཉེས་དོན་གཏོར་བཤིག ཉེས་དོན་འཇིགས་སྐུལ་སོགས་ཉེས་བསགས་དོགས་པ་ཡོད་པའི་ཐོག་ནས་མི་9འཛིན་བཟུང་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།