རྒྱལ་གཅེས་ཀང་གཅེས་ནི་ཡང་དག་པའི་འགྲོ་ལམ་ཡིན་ཞེས་པའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ།
སྤེལ་བའི་དུས་ཚོད། : 2019-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་རྒྱལ་གཅེས་ཀང་གཅེས་ནི་ཡང་དག་པའི་འགྲོ་ལམ་ཡིན་ཞེས་པའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ་ཞིག་ཞུ་རྒྱུ་ཡིན།

དཔྱད་གཏམ་ནང་། ཐལ་སྐྱོད་མི་སྣ་ཁག་གཅིག་གིས་ཁྲིམས་འཛུགས་ཁང་ཆེན་དུ་རྩུབ་སྤྱོད་དོན་རྐྱེན་སྤེལ་བའི་ཐོག་ནས། ཤང་ཀང་མང་ཚོགས་ཀྱིས་ངོ་རྒོལ་ཤོག་ཁག་དེ་ཚོའི་གདོང་རིས་ངོ་མ་གསལ་པོར་མཐོང་ཡོད་ལ། གཞུང་དྲང་དྲང་བདེན་དང་། དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་ཤང་ཀང་གི་བདེ་སྐྱིད་ཡིན་པ་དང་། རྩུབ་སྤྱོད་ཀང་དཀྲུག་དང་། ཕྱི་རྒྱལ་སྟོབས་ཤུགས་ལ་བརྟེན་ནས་རང་མཐོ་བྱེད་པ་ནི་ཤང་ཀང་གི་ཆག་སྒོ་ཡིན་པའི་གནས་ལུགས་དེ་བས་གསལ་པོར་ཤེས་ཡོད། མིག་སྔའི་འཛམ་གླིང་ཐོག་མདོག་ལྡན་གསར་བརྗེ་རྒྱུད་མྱོང་བའི་ས་གནས་ཡིན་ཚེ། མི་དམངས་རྣམས་སྡུག་བསྔལ་ཚབས་ཆེན་མྱོང་བ་དང་། ཉམས་ཐག་ཆོད་ནས་ཡར་ལངས་མི་ཐུབ་པ་ཆགས་ཀྱི་ཡོད། དམངས་གཙོའི་བསྒྱུར་བཀོད་འཆར་གཞི་ཟེར་བ་དེ་དག་ལེགས་གྲུབ་བྱུང་མྱོང་མེད་པ་མ་ཟད། མཐར་ཐུག་རྒྱལ་ཁབ་དང་ས་ཁུལ་ལ་གནོད་འཚེ་བཟོ་བའི་ཆབ་སྲིད་ཁ་བྲལ་དང་། ཁྲག་དོན་གདོང་གཏུག གནོད་འཚེ་དང་གཏོར་སྐྱོན་ཡུན་རིང་སོས་ཐབས་བྲལ་བར་འགྱུར་གྱི་ཡོད། དངོས་དངོས་རྗེན་རྗེན་གྱི་དཔེ་དོན་དེ་དག་ཤང་ཀང་བ་ཡོངས་ནས་མེ་ལོང་དུ་འཛིན་དགོས། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ནི་ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་གི་འདེགས་སྐྱོར་ཆེ་ཤོས་ཡིན་པ་དང་། རྒྱལ་གཅེས་ཀང་གཅེས་ནི་ཡང་དག་པའི་འགྲོ་ལམ་ཡིན་ཞེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།