ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་པོད་དང་པོའི་ཐ་ཅི་ཁེ་སི་ཏན་གྱི་དཔར་མའི་དེབ་ཕུད་བཀྲམས་པའི་མཛད་སྒོ་དང་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ཞིབ་བསྡུར་ཚོགས་འདུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་གཅིག་ཉིན་ཐ་ཅི་ཁེ་སི་ཏན་གྱི་རྒྱལ་ས་ཏུ་ཧྲང་པེར། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་པོད་དང་པོའི་ཐ་ཅི་ཁེ་སི་ཏན་གྱི་དཔར་མའི་དེབ་ཕུད་བཀྲམས་པའི་མཛད་སྒོ་དང་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ཞིབ་བསྡུར་ཚོགས་འདུ་འཚོགས་ཡོད་པ་རེད། ཐ་ཅི་ཁེ་སི་ཏན་གྱི་ཙུང་ཐུང་ལ་ཧོ་མོང་གིས་ཤིག་འཕྲིན་བཏང་གནང་ཡོད། ཀྲུང་གོ་དང་ཐ་ཅི་ཁེ་སི་ཏན་རྒྱལ་ཁབ་གཉིས་པོའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྗགས་རྩོམ་གྱི་ཐ་ཅི་ཁེ་སི་ཏན་གྱི་དཔར་མ་པར་བསྐྲུན་འགྲེམས་སྤེལ་བྱས་པ་དེས་ཐ་ཅི་ཁེ་སི་ཏན་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཤེས་རྟོགས་དང་རྒྱུས་ལོན་བྱེད་པ་དང་། ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེའི་འོད་སྟོང་འཕྲོ་བའི་འཕེལ་རིམ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེའི་དམིགས་འབེན་ལ་ཤེས་རྟོགས་བྱེད་པ། དེ་བཞིན་ཀྲུང་གོ་དང་ཐ་ཅི་ཁེ་སི་ཏན་གྱི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་ལ་རོགས་རམ་ཆེན་པོ་ཐུབ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།