རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་མ་གཉིས་པ་དེ་བྱས་པ་དང་། ཝང་དབྱང་གིས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2019-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་ཡི་རིག་གཞུང་སློབ་སྦྱོང་ཚོགས་ཆུང་གིས་སྤྱི་ལོ་༢༠༡༩ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་པ་དེ་བྱས་ཡོད་པ་དང་། བརྗོད་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་ཀྱི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ཐད་ཀྱི་གལ་ཆེའི་རྣམ་བཤད་ཅེས་པར་སློབ་སྦྱོང་བྱེད་ཅེས་པ་དེ་ཡིན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའི་ཧྲུའུ་ཅི་ཝང་དབྱང་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་ཡོད།

ཝང་དབྱང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཕྱོགས་ལས་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་བསམ་བློ་གསར་པ་དང་རྣམ་བཤད་གསར་པ་རབ་དང་རིམ་པ་བཏོན་གནང་ཡོད། ད་ཐེངས་མཉམ་སྡེབ་སློབ་སྦྱོང་བྱེད་པ་དེ་ནི་རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་ཐད་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་དམངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཁོང་དུ་ཆུད་པར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད་ལ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་ངེས་ཞེས་པའི་བརྗོད་གཙོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་བྱེད་སྒོ་ཞིག་ཀྱང་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།