ལི་ཁེ་ཆང་གིས་པ་ཡུས་ཐེ་ལན་གྱི་ཙུང་ལིར་བསྟུར་མར་བསྐོ་བཞག་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་གནང་བ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༡༡ཉིན་པ་ཡུས་ལ་གློག་འཕྲིན་བཏང་ནས་ཁོང་ཐེ་ལན་གྱི་ཙུང་ལིར་ བསྟུར་མར་བསྐོ་བཞག་བྱུང་བར་རྟེན་འབྲེལ་ཞུས་གནང་བ་དང་ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཉེ་ལམ་ལོ་ཤས་རིང་སྐུ་ཉིད་ཀྱི་འགོ་ཁྲིད་འོག་ཐེ་ལན་གྱི་རྒྱལ་ཁབ་གོང་འཕེལ་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཅིང་སྐུ་ཉིད་ཀྱིས་མུ་མཐུད་ཐེ་ལན་མི་དམངས་ཀྱི་སྣེ་ཁྲིད་ནས་རྒྱལ་ཁབ་འཛུགས་སྐྲུན་སྔར་བས་ལེགས་པ་གནང་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཐེ་ལན་ནི་ཁྱིམ་ཚང་གཅིག་ལྟར་མཛའ་མཐུན་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དམ་ཅིང་ཟབ་པ་དང་མཛའ་མཐུན་ཡིན་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ལ་ཕན་འབྲས་ཐོན་ཡོད། ང་རང་ནས་སྐུ་ཉིད་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཐེ་ལན་གྱི་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་གཏོང་བ་དང་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གཏིང་ཟབ་དུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།