ཅིར་ཅི་སི་སི་ཐན་སྨྱན་སྦྱོར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དེས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆུ་ཚད་དེ་བས་མཐོ་བར་སླེབས་ཐུབ་རྒྱུའི་ཐད་དོ་ཁུར་བྱས་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༦ཚེས་༡༢ཉིན་ནས་བཟུང་ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུ་ཡིན་པ་རེད། ཅིར་ཅི་སི་སི་ཐན་སྨྱན་སྦྱོར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་ཕེབས་པར་ཚད་མཐོའི་དོ་ཁུར་བྱས་ཡོད་པ་དང་། ད་ཐེངས་ཀྱི་འཚམས་འདྲི་དེར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།

ཅིར་ཅི་སི་སི་ཐན་ཆུ་ཚོད་༢༤གསར་འགྱུར་ཁང་གི་གནས་ཚུལ་སྤེལ་བར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་འཚམས་འདྲི་དེར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུ་ཡིན་པ་དང་། ཅི་ཀྲུང་རྒྱལ་ཁབ་གཉིས་པོའི་བར་གྱི་ཆབ་སྲིད་སྤེལ་རེས་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས་ཡིག་ཆ་གལ་ཆེན་རབ་དང་རིམ་པར་མིང་རྟགས་འགོད་རྒྱུ་ཡིན་ཞིང་། ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རེད་ཅེས་བསྟན་ཡོད།

ཅིར་ཅི་སི་སི་ཐན་ག་པ་འར་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུ་ནི་འདི་ཟླའི་དོན་ཆེན་གལ་ཆེ་ཤོས་ཤིག་ཡིན་པ་དང་། དེས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུ་རེད་ཅེས་བསྟན་ཡོད།

ཅིར་ཅི་སི་སི་ཐན་ཙུང་ཐུང་གཞུང་ལས་ཁང་ཕྱི་འབྲེལ་སྲིད་ཇུས་ལས་ཁུངས་ཀྱི་འགན་འཁུར་བ་སའེ་ཏེ་ཁེ་ཧྥུ་ཡིས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ནང་། ཅི་ཀྲུང་འབྲེལ་བ་སྔར་ནས་བཟུང་ཆུ་ཚད་མཐོ་པོ་ཞིག་ཏུ་གནས་ཡོད། ད་ལྟ་ཕྱོགས་གཉིས་པོས་མཉམ་ལས་ཆུ་ཚད་སྔར་ལས་མཐོ་བར་སླེབས་པ་བྱ་རྒྱུའི་འཆར་གཞི་ཡོད། ལོ་མང་རིང་། ཀྲུང་གོ་དེ་ཉིད་སྔ་བར་ཕྱི་གསུམ་དུ་ཅིར་ཅི་སི་སི་ཐན་གྱི་ཉོ་ཚོང་དང་མ་འཇོག་རོགས་པ་གལ་ཆེན་ཞིག་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།