ཅེ་ཁེའི་གྲོས་ཚོགས་སྨད་པའི་གྲོས་དཔོན་གཞོན་པས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འགན་ཟླ་དེས་ཅེ་ཁེའི་ཁེ་ལས་ཀྱིས་ཀྲུང་གོའི་བར་མཉམ་ལས་བྱ་རྒྱུའི་འདོད་འདུན་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཅེ་ཁེའི་གྲོས་ཚོགས་སྨད་པའི་གྲོས་དཔོན་གཞོན་པ། ཅེ་ཁེ་དང་མོ་ལ་ཝེ་ཡའི་གུང་ཁྲན་ཏང་གི་ཀྲུའུ་ཞི་ཧྥེ་ལི་ཕུས་ཉིན་ཤས་གོང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འགན་ཟླས་ཅེ་ཁེའི་ཁེ་ལས་ཀྱིས་ཀྲུང་གོའི་བར་མཉམ་ལས་བྱ་རྒྱུའི་འདོད་འདུན་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བསྟན་ཡོད།

ཀྲུང་གོར་འཚམས་འདྲི་ཐེངས་མང་གནང་མྱོང་བའི་ཧྥེ་ལེ་ཕུས་པུ་ལ་ཀེར་ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་སྐབས། སྒོ་ཕྲལ་མཐོ་རུ་གཏོང་བའམ་ཡང་ན་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་བ་ཞེས་རྒྱུ་མཚན་དུ་བྱས་ནས་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱས་པ་དེས། ཨ་རིས་བྱ་ཐབས་ཡོངས་རྫོགས་སྤྱད་ནས་ཀྲུང་གོའི་གོང་འཕེལ་ལ་འགོག་རྐྱེན་བཟོ་གི་ཡོད་པ་མངོན་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།