མེ་ཏེ་ཝེ་ཅེ་ཧྥུས་སྲུང་སྐྱོང་རིང་ལུགས་བྱ་སྤྱོད་ཀྱིས་གོ་ལ་ཧྲིལ་པོའི་ངལ་རྩོལ་སྟོབས་ཤུགས་ཁྲོམ་ར་དང་དཔལ་འབྱོར་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུས་སྤྱི་ཚེས་༡༡ཉིན་རི་ནི་ཝར་སྐོང་འཚོགས་བྱས་པའི་རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་ཚོགས་ཆེན་ཐོག རྒྱལ་ཁབ་ཁག་ཅིག་གི་ལག་བསྟར་བྱས་པའི་སྲུང་སྐྱོང་རིང་ལུགས་སོགས་བྱ་ཐབས་ཀྱིས་གོ་ལ་ཧྲིལ་པོའི་ངལ་རྩོལ་སྟོབས་ཤུགས་ཀྱི་ཁྲོམ་ར་དང་ཐ་ན་དཔལ་འབྱོར་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་ཅེས་ནན་བཤད་བྱས་ཡོད།

མེ་ཏེ་ཝེ་ཅེ་ཧྥུས། ཨུ་རུ་སུས་སྒོ་དབྱེའི་རྩ་དོན་འཛིན་པ་དང་ཆབས་ཅིག རྒྱལ་ཁབ་ཁེ་ཕན་དང་ཕན་ཚུན་མཉམ་ལས་ལ་བརྩི་འཇོག་ཞུ་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།