ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས་ཤིན་ཅང་སྐོར་ལ་སྤེལ་བའི་དོན་དངོས་མིན་པའི་གཏམ་གླེང་ལ་དགག་པ་བརྒྱབ་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དུས་མཚམས་ཞིག་གི་རིང་། ཨ་རིའི་རྒྱལ་དོན་བློན་ཆེན་ཕང་ཕེ་ཨའོ་ཡིས་ཀྲུང་གོའི་ཤིང་ཅན་སྐོར་ལ་དོན་དངོས་མིན་པའི་གཏམ་གླེང་ཁག་གཅིག་སྤེལ་ཡོད། དེའི་ཐད། སྤྱི་ཚེས་༡༡ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གེང་ཧྲོང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཤིན་ཅང་མི་རིགས་ཁག་གི་མི་དམངས་ལ་ཁྲིམས་ལྟར་ཆོས་དད་རང་མོས་གང་ལེགས་ལྡན་ཡོད་པ་དང་། ཡུ་གུར་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གང་ལེགས་ཐུབ་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ཕང་ཕེ་ཨའོ་ཡིས་ཤིན་ཅང་ལ་གཞི་རྩའི་ཤེས་རྟོག་དང་ངོས་འཛིན་འདང་གི་མེད་པ་ནི་གནད་དོན་གྱི་འགག་རྩ་མིན་པ་དང་། གནད་དོན་གྱི་འགག་རྩ་ནི་ཁོང་ནས་དོན་དངོས་ཀྱི་ཤིན་ཅང་ཞིག་ཤེས་རྟོག་བྱེད་འདོད་བྱེད་ཀྱི་མེད། གལ་སྲིད་དོན་དངོས་དང་གནས་ཚུལ་ངོ་མར་མ་བལྟོས་པར། རྫུན་གཏམ་དང་འཆལ་གཏམ་བཟོ་རྒྱུར་དབྱིངས་ཞུགས་པ་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད། དེ་ནི་ངོ་བོ་རྦད་དེ་གཅིག་པ་མིན་པའི་གནད་དོན་གཞན་ཞིག་ཡིན། ང་རང་ནས་དེ་གར་ཕང་ཕེ་ཨའོ་ལ་དྲན་སྐུལ་བྱ་རྒྱུར། ཁོང་ནས་ཡོངས་བསྒྲགས་ཐོག་འཁྲབ་སྟོན་གང་ཙམ་མང་པོ་བྱས་ཚེ། ཁོང་གི་གདིང་རིས་ངོ་མ་དེ་ཙམ་གྱི་གསལ་པོ་མངོན་རྒྱུ་ཡིན། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་རྩིས་བྱེད་པའི་ལྐོག་ཇུས་ཚང་མ་ཕམ་ཉེས་འགྲོ་ངེས་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།