རྒྱལ་སྤྱིའི་དཔྱད་གླེང་༼ཨ་རིའི་རྒྱལ་ཁབ་བདེ་འཇགས་ཟེར་བ་ནི་སི་ར་དང་འདྲ་བར། ཚང་མ་དེའི་ནང་འཇུག་གི་ཡོད་༽ཅེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་རྒྱལ་སྤྱིའི་དཔྱད་གླེང་༼ཨ་རིའི་རྒྱལ་ཁབ་བདེ་འཇགས་ཟེར་བ་ནི་སི་ར་དང་འདྲ་བར། ཚང་མ་དེའི་ནང་འཇུག་གི་ཡོད་༽ཅེས་པ་ཞུ་གི་ཡིན།

ངར་ལྕགས་དང་ཧ་ཡང་ཐོན་རྫས་དང་། རླངས་འཁོར་དང་ལྷུ་ལག་ནང་འདྲེན་བྱེད་པ་ནས། ཕྱི་རྒྱལ་གྱི་ཁེ་ལས་དང་ཐད་ཀར་མ་འཇོག་བྱེད་བའི་བར་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་དང་རིག་གནས་པ་ནས། འཐུས་མཆན་རེ་ཞུ་བྱེད་མཁན་གྱི་སྤྱི་ཚོགས་འབྲེལ་གཏུག་སྨྱན་སྦྱོར་གྱི་ཨང་གྲངས་ཆ་འཕྲིན་བར། ཡོད་ཚད་ཚང་མ་ད་ལྟ་ཧྭ་ཧྲེང་ཏུན་གྱིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད་ཅེས་བརྗོད་ཀྱི་ཡོད། ཨ་རིའི་མི་ཁག་གཅིག་གིས་ཨ་རི་སྔོན་ལ་འཇོག་པའི་བརྩན་དབང་རིང་ལུགས་ཀྱི་བསམ་བློར་བརྩི་སྲུང་ཞུ་བ་པ་དང་། རྒྱལ་ཁབ་བདེ་འཇགས་ཟེར་བ་དེ་ཕུབ་ལྟ་བུར་བརྩིས་ནས། ཉོ་ཚོང་རོགས་པར་གང་བྱུང་དུ་རྡུང་རྡེག་གཏོང་བ་དང་། ཨ་རིའི་བལྟོས་མེད་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། དེས་ཀྱང་ཨ་རིས་འཛམ་གླིང་ཐོག་ལོ་བརྒྱ་བྱུང་དཀོན་པའི་འགྱུར་བ་ཆེན་པོ་དང་མཚམས་པའི་འགྱུར་བ་གཏོང་ཐབས་བྲལ་བ་དང་། གསར་དར་ཁྲོམ་ར་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་སྤྱི་ཡོངས་ནས་དར་རྒྱས་འགྲོ་བའི་དོན་དངོས་དང་ལེན་བྱེད་ཐུབ་ཀྱི་མེད་པར། རྒྱལ་ཁབ་གཞན་གྱི་དཔལ་འབྱོར་གོང་འཕེལ་དང་ལག་རྩལ་ཡར་རྒྱས་ཡོང་བའི་ལུགས་མཐུན་རེ་བར་དོགས་པ་བྱེད་པ་དང་། གནས་བཟོད་མི་བདེ་བ་བྱེད་ཀྱི་ཡོད།

ཨ་རིས་རྒྱལ་ཁབ་བདེ་འཇགས་ཟེར་བའི་འདུ་ཤེས་གང་བྱུང་བེད་སྤྱོད་བྱེད་ཀྱི་ཡོད་པས། ཉོ་ཚོང་རོགས་པར་གནོད་འཚེ་བཟོས་པ་མ་ཟད། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་དང་ཡིད་རྟོན་ལ་ཕོག་རྡུང་བཏང་ཡོད་ལ། དེ་བས་ཀྱང་ཨ་རི་རང་ཉིད་ལ་གནོད་འཚེ་བཟོས་ཡོད། ཨ་རིས་རྟག་ཏུ་རྒྱལ་ཁབ་བདེ་འཇགས་ཟེར་བར་ཁ་གཡར་གྱི་ཡོད་པ་དང་། དེར་དབྱིངས་ཞུགས་ན་རྨོངས་ཚོད་ལ་འགྱུར་རྒྱུ་མ་ཟད། ཨ་རིས་ཉེན་ཁ་དངོས་ལ་ཤེས་ཚོར་བྱེད་པའི་ནུས་པ་མེད་པ་ཆགས་རྒྱུ་ཡིན། དེ་ནི་གཞི་ནས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་འཕྲད་པའི་ཉེན་ཁ་ཆེ་ཤོས་དེ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།