བོད་ཀྱི་ས་འོག་བཟོ་ཁང་རྣམ་པའི་ཆུ་གློག་ས་ཚིགས་དང་པོ་ནས་གློག་གཏོང་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ཀྱི་ས་འོག་བཟོ་ཁང་རྣམ་པའི་ཆུ་གློག་ས་ཚིགས་དང་པོ—བོད་ལྗོངས་ཡིད་འོང་གཙང་པོའི་གསེར་ཟམ་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་དང་པོ་ནས་གློག་གཏོང་འགོ་ཚུགས་པ་དང་ཆུ་གློག་ས་ཚིགས་དེ་ནི་བོད་དུ་རྡོ་ཕུང་ཨར་འདམ་གྱི་ལྗིད་ཚད་ཆེ་བའི་རགས་ཆེན་བརྒྱབ་ནས་བསྐྲུན་པའི་གློག་ཁང་དང་པོ་ཡིན་པ་རེད།

གསེར་ཟམ་ཆུ་གློག་ས་ཚིགས་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་དུ་གནས་པ་དང་དེ་ནི་ལྷ་རི་རྫོང་གི་དགུན་དུས་གློག་ཤུགས་མཁོ་འདོན་མི་འདང་བའི་གནས་ཚུལ་ཐག་གཅོད་བྱེད་པའི་འགག་རྩའི་ལས་གྲྭ་ཞིག་རེད། གློག་ཁང་དེས་ཡུལ་དེའི་ཞིང་འབྲོག་པ་ཁྲི་3ལྷག་ཙམ་ལ་གཙང་ལ་བརྟན་པའི་གློག་མཁོ་འདོན་བྱས་ཏེ་ཡུན་རིང་གློག་མེད་པ་དང་དཀོན་པའི་ཞིང་འབྲོག་ཁུལ་དུ་གཙོ་བོ་བུད་ཤིང་དང་ལྕི་བ་སྲེག་པའི་ལོ་རྒྱུས་མཇུག་འགྲིལ་ནས་གློག་གིས་བུད་ཤིང་གི་ཚབ་བྱེད་པའི་འཚོ་བ་སྐྱེལ་སྟངས་སུ་འགྱུར་ལྡོག་འགྲོ་རྒྱུ་རེད།