ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་འགྲེམ་སྤེལ་དང་རྣམ་གྲངས་ཆ་སྒྲིག་གི་མ་དངུལ་བསྡུ་རུབ་ལས་དོན་ཡག་པོ་གྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར་ ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་འགྲེམ་སྤེལ་དང་རྣམ་གྲངས་ཆ་སྒྲིག་མ་གི་དངུལ་བསྡུ་རུབ་ལས་དོན་ཡག་པོ་གྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ཡོད། བརྡ་ཐོའི་ནང་། འཁོ་སྤྱོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱ་རྒྱུ་གཙོ་བོར་འཇོག་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་གཡོ་འགུལ་མི་གཏོང་བ་དང་། གྲུང་ཆའི་རང་བཞིན་གྱི་བུན་ཟུག་ཉུང་གཏོང་གི་གཞི་རྩའི་རིག་ལམ་རྒྱུན་འཁྱོངས་བྱེད་པ། བརྟན་པོ་དང་ཚོད་འཛིན་ཐུབ་པ། གོ་རིམ་ལྡན་པ། འོས་མཚམས་བཅས་ཀྱི་བླང་བྱ་ལྟར། ས་གནས་སྲིད་གཞུང་གི་བུ་ལོན་བཟོས་ནས་མ་དངུལ་བསྡུ་རུབ་བྱེད་པའི་སྒྲིག་གཞི་སྔར་བས་འཐུས་ཚང་དུ་གཏོང་བ། ཆེད་དོན་བུན་འཛིན་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཆེད་དོན་བུན་འཛིན་གྱི་གཞི་ཁྱོན་ཆེ་རུ་ཤུགས་ཆེན་གཏོང་བའི་རྨང་གཞིའི་ཐོག སྤྱི་ཁོགས་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཆེད་དོན་བུན་འཛིན་འགྲེམ་སྤེལ་དང་རྣམ་གྲངས་ཆ་སྒྲིག་ཀྱི་མ་དངུལ་བསྡུ་རུབ་ལས་དོན་ཡག་པོ་སྒྲུབ་པ་དང་། དཔལ་འབྱོར་དེ་ལུགས་མཐུན་བར་ཁམས་ནང་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བཤང་འགོག་ཟུང་འབྲེལ་རྒྱུན་འཁྱོངས་དང་། མཐུན་སྦྱོར་གཞོགས་འདེགས་རྒྱུན་འཁྱོངས། གཙོ་གནད་འབུར་དུ་ཐོན་རྒྱུ་རྒྱུན་འཁྱོངས། ཉེན་ཁ་སྔོན་འགོག་ཚོད་འཛིན་རྒྱུན་འཁྱོངས། སྔོན་དཔགས་བརྟན་པོ་རྒྱུན་འཁྱོངས་བཅས་བྱས་ནས། ཉེན་ཁ་ཆེན་པོ་སྔོན་འགོག་དང་ཐག་གཅོད་བྱེད་པའི་འགག་གཏོར་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།