ལྗར་པན་གྱི་རྒྱུད་འཛིན་དང་གོང་འཕེལ་གྱི་ཚུན་ཧྲན་གླེང་མོལ་ཞེས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཐེང་ཐེན་ཀའོ་ཅིང་གིས། ཨ་རིས་སྒོ་ཁྲལ་གང་བྱུང་དུ་སྤོར་བ་དེ་ནི་འཛམ་གླིང་ལ་འགན་མི་འཁུར་བའི་བྱེད་སྟངས་ཤིག་ཡིན་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་དང་ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་གྲོས་ཚོགས། ཉོ་ཚོང་དང་གྲངས་གཞིའི་དཔལ་འབྱོར་པུའུ་ཀྲང་གྲོས་ཚོགས་དེ་ཁག་སོ་སོར་ལྗར་པན་གྱི་ཕུའུ་ཀང་གྲོང་ཁྱེར་དང་ཀྲུའུ་ཕོ་གྲོང་ཁྱེར་དུ་ཚོགས་མཇུག་སྒྲིལ་བ་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་གནོད་འཚེ་བཟོ་བ་སོགས་ཀྱི་བརྗོད་གཞིའི་ཐད་ཕྱོགས་ཁག་ནས་སླར་ཡང་དོ་ཁུར་བྱས་ཡོད་པ་རེད།

འབྲེལ་ཡོད་གནད་དོན་སྐོར་གླེང་སྐབས། ལྗར་པན་གྱི་རྒྱུད་འཛིན་དང་གོང་འཕེལ་གྱི་ཚུན་ཧྲན་གླེང་མོལ་ཞེས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཐེང་ཐེན་ཀའོ་ཅིང་གིས། ཨ་རིས་གནས་ཚུལ་འདྲ་མིན་སྣ་ཚོགས་ལ་ཁ་གཡར་ནས་ཀྲུང་གོ་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་ལ་སྒོ་ཁྲལ་གང་བྱུང་དུ་སྤོར་བའི་གནད་དོན་དེ་རིགས་ནི་འཛམ་གླིང་ལ་འགན་མི་འཁུར་བའི་སྣང་ཚུལ་ཞིག་ཡིན་པས། འཛམ་གླིང་ཉོ་ཚོང་གི་སྒྲིལ་སྲོལ་ཟང་ཟིང་དུ་འགྱུར་ངེས་ཡིན་ལ། འཛམ་གླིང་དཔལ་འབྱོར་དར་རྒྱས་ཡོང་བར་གཏོར་བཤིག་ཐེབས་ངེས་ཡིན་ཞེས་གསུངས་པ་རེད།

ཁོང་གིས། འཛམ་གླིང་དཔལ་འབྱོར་འབོར་གྲངས་ཆེ་ཤོས་ཀྱི་རྒྱལ་ཁབ་ཞིག་ཡིན་པའི་ངོས་ནས། ཨ་རིས་འཛམ་གླིང་ཧྲིལ་པོའི་ཞི་བདེ་གོང་འཕེལ་ལ་ཕན་ཐོགས་ཡོད་ས་ནས་འགོ་རྩོམ་དགོས་པ་དང་། གནོན་ཤུགས་སྤྲོད་པ་མཚམས་འཇོག་བྱས་ཏེ་དབྱེ་འབྱེད་གྲོས་མོལ་གྱི་ཐོག་ཏུ་གང་མགྱོགས་བསྐྱར་ལོག་བྱེད་དགོས་པ་དང་། རང་གཅུན་ཐུབ་པའི་དབྱེ་འབྱེད་གྲོས་མོལ་དང་མཐུན་སྦྱོར་བྱས་པ་བརྒྱུད་དེ་གནད་དོན་ཐག་གཅོད་བྱེད་དགོས་ལ། དབྱེ་འབྱེད་གྲོས་མོལ་ནི་ཡང་དག་པའི་བདམ་ཀ་ཉག་གཅིག་དེ་རང་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།