འཇར་མན་ཕྱི་འབྲེལ་དཔོན་གྱིས་དབྱི་རན་ཉིང་རྡུལ་གྲོས་ཆོད་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་གནང་བ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་10ཉིན་འཇར་མན་ཕྱི་འབྲེལ་དཔོན་མ་སིས་དབྱི་རན་རྒྱལ་ས་ཏེ་ཧེ་ལན་དུ། དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་ཆོད་དེ་ནི་གལ་འགངས་ཆེན་པོ་ཡིན་པས། ཕྱོགས་ཁག་གི་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་དང་། གྲོས་ཆོད་ཁྲོད་ཀྱི་དབྱི་རན་གྱི་ཁེ་ཕན་ལ་འགན་སྲུང་ཐུབ་པ་བྱེད་དགོས་ཞེས་དང་།

ཁོང་གིས། ཡོ་རོབ་རྒྱལ་ཁབ་ནས་ཉོ་ཚོང་སྤེལ་རེས་རྒྱབ་སྐྱོར་ཡོ་བྱད་ཅེས་པའི་མཇུག་རྩིས་སྒྲིག་གཞི་བརྒྱུད་དེ་དབྱི་རན་བར་གྱི་ཕྱོགས་གཉིས་ཉོ་ཚོང་རྒྱ་སྐྱེད་དུ་གཏོང་རྒྱུ་མ་ཟད། དབྱི་རན་གྱིས་དེ་གོ་སྐབས་སུ་བཟུང་ནས་དཔལ་འབྱོར་འཕར་སྣོན་ཐུབ་པ་བྱེད་རྒྱུའི་རེ་བ་ཡོད། དབྱི་རན་ལ་དབྱི་རན་ཉིང་རྡུལ་གྲོས་ཆོད་ལ་གཞིགས་ནས་དཔལ་འབྱོར་ཐད་ཀྱི་ཕན་ཁེའི་ཐོབ་ཐང་ཤེས་དབང་ཡོད་ཅེས་གསུངས་པ་རེད།

བཀྲ་ལི་ཕུའུ་ཡིས་གསར་འགོད་པའི་ཚོགས་འདུ་ཐོག མིག་སྔའི་གནས་ཚུལ་འོག དབྱི་རན་དང་ཨ་རིའི་བར་ལ་སྐད་ཆ་བཤོད་རེས་དང་དབྱེ་འབྱེད་གྲོས་མོལ་ཞེས་པ་མེད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།