མི་དམངས་ཉིོན་རེའི་ཚགས་པར་ཐོག་ཀྲུང་ཧྲེང་གི་རྩོམ་ཡིག བདེན་དོན་གྱི་ཞིང་ཁམས་སུ་ཁ་དན་རྒྱབ་སྐྱུར་གནས་ཐབས་མེད་ཅེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས11ཉིན་པར་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་རྩོམ་ཡིག འགོ་བརྗོད་དུ་བདེན་དོན་གྱི་ཞིང་ཁམས་སུ་ཁ་དན་རྒྱབ་སྐྱུར་གནས་ཐབས་མེད་ཅེས་པ་སྟེ། ཨ་རིའི་ཆབ་སྲིད་པ་འགའ་རེའི་མཐུན་ན་སྤྱོད་པ་དང་། མ་མཐུན་ན་དོར་བའི་གདོང་རིས་ངོ་མ་དམར་རྗེན་དུ་འདོན་ཞེས་འཁོད་པ་ཞིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། ཨ་རིས་རྒྱལ་སྤྱིའི་དྲང་བདེན་ལ་འཁྱོག་བཤད་དང་སྣང་ཆུང་བྱེད་པ་དེའི་ཐོག་ནས་ཨ་རིའི་ཆབ་སྲིད་པ་འགའ་རེའི་ཐལ་འགྱུར་དངོས་ཕན་རིང་ལུགས་ཀྱི་བྱེད་སྟངས་མངོན་ཡོད། ཁོ་ཚོའི་ལྟ་སྟངས་ལྟར་ན། རྒྱལ་སྤྱིའི་སྤེལ་རེས་ལ་རིན་ཐང་དང་སྒྲིག་སྲོལ་ཟེར་བ་གཏན་ནས་མེད་པ་དང་། དམར་དམར་རྗེན་རྗེན་གྱི་ཁེ་ཕན་བརྗེ་འཚོང་ཕུད། སྟོབས་ཤུགས་ཀྱི་འགྲན་རྒོལ་ལས་མེད་པ་དང་། དྲང་བདེན་ཟེར་བ་དེ་ཡང་ཁོ་ཚོས་གཏམ་བརྗོད་དབང་ཆ་རྩོད་ལེན་དང་། གླེང་ཕྱོགས་བཟོ་བ་ཙམ་ཡིན་པ་དང་། མཐར་གཏུགས་ནས་བཤད་ན་སྒེར་གྱི་ཁེ་ཕན་ལེན་བྱེད་ཀྱི་ཡོ་བྱད་ཙམ་ཡིན་པ་དེ་རེད་ཅེས་འཁོད་འདུག

རྩོམ་ཡིག་ནང་། དོན་ངོ་མའི་རྒྱལ་སྤྱིའི་དྲང་བདེན་ཞེས་པ་ནི། རྒྱལ་སྤྱིའི་གཏམ་བརྗོད་དབང་ཆའི་རྨང་གཞི་ཡིན་པ་མ་ཟད། དེ་བས་ཀྱང་གང་དེས་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་འགའ་རེའི་ཐད་འཛིན་པའི་གཅིག་མཐུན་ངོས་འཛིན་གྱི་ཚབ་བྱེད་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གྱིས་རིན་ཐང་འདུ་ཤེས་ཁག་ཅིག་གོང་དུ་བཀུར་བ་མཚོན་གྱི་ཡོད། རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན། གང་དེ་ཟོལ་མེད་གཞུང་དྲང་ཞིོག་ཡིན་ན་འཛམ་གླིང་གི་མི་རྣམས་ནས་ཁས་ལེན་བྱེད་སྲིད། ཨ་རིའི་ཆབ་སྲིད་པ་འགའ་རེར་གསལ་འདེབས་ཞུ་རྒྱུར། ཁྱེད་ཚོས་ཆེས་རྩ་བར་གྱུར་བའི་གནས་ལུགས་ཤིག་ཤེས་པ་བྱ་དགོས་པ་སྟེ། དེ་ནི་ བདེན་དོན་གྱི་ཞིང་ཁམས་སུ་ཁ་དན་རྒྱབ་སྐྱུར་གནས་ཐབས་མེད་པ་དང་། ཁ་དན་རྒྱབ་སྐྱུར་བྱས་ན་རང་ཉིད་ཀྱི་རྒྱལ་ཁབ་དང་མི་དམངས་ལ་འགན་འཁུར་མི་ཐུབ་པ་དང་། འཛམ་གླིང་གི་གོང་འཕེལ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་ལ་འགན་འཁུར་མི་ཐུབ་པ་དེ་རེད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།