མི་དམངས་ཉིན་རེའི་ཚགས་པར་ཐོག་མཚན་བཀོད་རྩོམ་ཡིག འཕེལ་ཕྱོགས་ཆེན་མོ་ལས་ལྡོག་ན་དམངས་སེམས་ཀྱི་རྒྱབ་སྐྱོར་མི་ཐོབ་ཅེས་པ་ཞིག་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས10ཉིན་པར་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་མཚན་བཀོད་རྩོམ་ཡིག འགོ་བརྗོད་དུ་འཕེལ་ཕྱོགས་ཆེན་མོ་ནས་ལྡོག་ན་དམངས་སེམས་ཀྱི་རྒྱབ་སྐྱོར་མི་ཐོབ་ཅེས་འཁོད་པ་ཞིག་སྤེལ་ཡོད་པ་རེད། རྩོམ་ཡིག་ནང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡོངས་སུ་གཅོད་འབྲེག་བྱེད་པ་ནི་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་ལ། ཨ་རིའི་དམངས་སེམས་ལ་མི་མཐུན་པ་ཞིག་རེད། དམངས་སེམས་ལས་ལྡོག་ཏུ་མི་རུང་བ་དང་། འཕེལ་ཕྱོགས་ཆེན་མོ་ལས་ལྡོག་ན་མཐར་ཐུག་དུས་རབས་ཀྱིས་དོར་ངེས་ཡིན་ཞེས་བསྟན་པ་དང་། རྩོམ་ཡིག་ནང་། གོ་ལ་ཅན་གྱི་དུས་རབས་ནང་རྒྱལ་ཁབ་གཞན་དགྲ་རུ་འཛིན་པའི་སྒེར་སེམས་ཆེ་བའི་བྱེད་སྟངས་གནས་ཐབས་མེད། ཉིན་ཤས་གོང་། ཨ་རིའི་དཔོན་རིགས་ཤིག་གིས་སྔར་ཡོད་གྱི་དབྱེན་འབྱེད་གྲོས་མོལ་གྱི་ཆ་རྐྱེན་ལ་གཞིགས་ནས་ཀྲུང་གོའི་བར་གྲོས་ཆོད་འཇོག་པའི་དབྱེན་འབྱེད་གྲོས་མོལ་བྱེད་འདོད་ཡོད། ཆབས་ཅིག་མུ་མཐུད་སྒོ་ཁྲལ་གྱིས་ཕན་ཚུན་འཇིགས་སྐུལ་བྱེད་པར་དོ་སྣང་བྱ་རྒྱུ་ཡིན་ཞེས་བཤད་ཡོད། ཤོད་སྟངས་དེས་མི་རྣམས་ལ་བསྟན་པར། ཨ་རིས་གང་འདྲ་ཞིག་ལ་ལྷག་བསམ་ཟེར་མིན་ད་དུང་ཤེས་མེད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་། ཕན་ཚུན་བརྩི་བཀུར་བྱ་རྒྱུ་ཟེར་བ་དེ་གང་ལ་ཟེར་མིན་ད་དུང་ཤེས་ཀྱི་མེད། ཁོ་ཚོ་དུས་རབས་དང་བར་གྱིས་ཆོད་པའི་ཁུག་ཀྱོག་ཅིག་ཏུ་ལུས་ཡོད་པ་དང་། དེ་ནི་རང་གནོད་གཞན་གནོད་ཅིག་ཡིན་ཞེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།