རྒྱལ་ཁབ་རྩིས་འཁོར་དྲ་སྦྲེལ་འཕྲལ་སྒྲུབ་ལག་རྩལ་ཐག་གཅོད་ལྟེ་གནས་ཀྱིས་སྤྱི་ལོ2018ལོའི་རང་རྒྱལ་དྲ་སྦྲེལ་བདེ་འཇགས་གནས་བབ་ཀྱི་སྒྲིལ་གླེང་ཞེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་རྩིས་འཁོར་དྲ་སྦྲེལ་འཕྲལ་སྒྲུབ་ལག་རྩལ་ཐག་གཅོད་ལྟེ་གནས་ཀྱིས་སྤྱི་ལོ2018ལོའི་རང་རྒྱལ་དྲ་སྦྲེལ་བདེ་འཇགས་གནས་བབ་ཀྱི་སྒྲིལ་གླེང་ཞེས་པ་སྤེལ་བ་རེད། གཞི་གྲངས་ལས་གསལ་བར། ཨ་རི་ནས་དྲ་སྦྲེལ་ཚུར་རྒོལ་བྱེད་མཁན་ཤོས་ཡིན་པ་མ་ཟད། ཤུགས་ཚད་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་ འཁོད་འདུག

བརྟག་དཔྱད་ཚད་ལེན་ལས་གསལ་བར། ཤིང་རྟ་དང་རོ་སྐམ་དྲ་སྦྲེལ་ཐད། སྤྱི་ལོ2018ལོར་ཨ་རིར་གནས་པའི་ཤིང་རྟའམ་རོ་སྐམ་དྲ་སྦྲེལ་ཚོད་འཛིན་ཞབས་ཞུ་ཡོ་ཆས་ཆིག་ཁྲི་བཞི་སྟོང་གིས་ཀྲུང་གོའི་རྒྱལ་ནང་གི་རྩིས་འཁོར་གྱི་འཁྲུལ་ཆས་ཨ་མ་ཁྲི334ཚོད་འཛིན་བྱས་ཡོད་པ་དང་། ཚོད་འཛིན་བྱས་པའི་ཞབས་ཞུ་འཕྲུལ་ཆས་ཀྱི་གྲངས་འབོར་དེ་སྤྱི་ལོ2017ལོ་ལས་90.8%འཕར་ཡོད་པ་རེད། སྤྱི་ལོ2018ལོར་ཨ་རིས་ཀྲུང་གོའི་མངའ་ཁོངས་ཀྱི་དྲ་ཚིགས་ལ་ཤིང་རྟ་འཇུག་མཁན་ཨ་རིའི་IPཡི་གྲངས་འབོར་དེ་2017ལོ་ལས་ 43%འཕར་ཡོད་པ་རེད། འབྲེལ་ཡོད་རིགས་གཅིག་མཁས་པས། ཨ་རིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ནི་ཨ་རིའི་དྲ་སྦྲེལ་བདེ་འཇགས་ཀྱི་ཉེན་ཁ་གཙོ་བོ་དེ་ཡིན་ཞེས་བརྗོད་ཀྱི་ཡོད། ཡིན་ནའང་གྲངས་གཞི་ལས་གསལ་བར། ཨ་རི་ནི་དོན་ངོ་མར་དྲ་སྦྲེལ་ཐོག་ནས་ཕར་རྒོལ་བྱེད་མཁན་གྱི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་དེ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།