ལི་ཀྲན་ཧྲུའུ་ཡིས་ཨའོ་སི་ཁྲུ་རི་ཡའི་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་མཐོ་རིམ་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་དྲུག་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ནས་པེ་ཅིང་དུ་ཨའོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་གྲོས་དཔོན་དབྱིང་ག་ཨ་ཕེས་ཚོགས་གཙོ་གནང་བའི་ཨའོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་ཡོད།

ལི་ཀྲན་ཧྲུའུ་ཡིས། ན་ནིང་སྤྱི་ཟླ་བཞི་པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧྥན་སྡེ་པེ་ལུན་རྣམ་གཉིས་ནས་ཀྲུང་གོ་དང་ཨའོ་སི་ཁྲུ་རི་ཡའི་མཛའ་གྲོགས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གནས་ཚད་གསར་པ་བཟོས་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གྱི་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། མི་རིང་བའི་གོང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོར་རྒྱས་བཤད་གནང་ནས། མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་ཀྱིས་སྣེ་མང་ཅན་གྱི་འཛམ་གླིང་དཔལ་འབྱོར་གཏོད་དགོས་པ་དང་། མི་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་འབད་པ་ཆེན་པོས་ཀུན་ཕན་ཁོག་ཡངས་ལྡན་པའི་བདེ་སྐྱིད་སྤྱི་ཚོགས་ཤིག་གཏོད་དེ་མི་དང་རང་བྱུང་ཁམས་གཉིས་ཞི་མཐུན་མཉམ་གནས་ཐུབ་པའི་མཛེས་སྡུག་ལྡན་པའི་ཁྱིམ་མཛེས་སྐྲུན་རྒྱུའི་ཐད་འབད་པ་བྱེད་དགོས་གསུངས་གནང་བ་དང་། ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་སྔར་བས་རྒྱ་ཆེར་གཏོང་བ་དང་། ཐུན་མོང་གོང་འཕེལ་དང་མིའི་རིགས་ཀྱི་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ལངས་ཕྱོགས་དང་འདོད་ཚུལ་ཡོངས་གྲགས་གནང་ཡོད། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་ཨའོ་སི་ཁྲུ་རི་ཡའི་བར་གྱི་མཛའ་གྲོགས་འགྲོ་འོང་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་རྒྱུའི་ཐད་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

ཨ་ཕེ་ཡིས། ཨའོ་སི་ཁྲུ་རི་ཡའི་ཕྱོགས་ནས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཨའོ་སི་ཁྲུ་རི་ཡའི་ཕྱོགས་ནས་ཀྲུང་གོས་གསར་དུ་སྟོན་པའི་འབག་མེད་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུའི་འདུ་ཤེས་ལ་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡོད་ལ། ཀྲུང་གོའི་ཕྱོགས་དང་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་བ་སོགས་གོ་ལའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།