“ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་ བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན་པ”
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

“ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན་པ”

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཛམ་གླིང་ཤུལ་བཞག་གི་ནུས་པའི་འཛུགས་སྐྱོང་དང་མཉམ་ལས་གླེང་སྟེགས་ཟླ་6ཚེས་3དང་4ཉིན་ཕ་རི་སིའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་པ་རེད། ད་ཐེངས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“འཛམ་གླིང་ཤུལ་བཞག་དང་རྒྱུན་མཐུད་འཕེལ་རྒྱས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཉམས་མྱོང་མཉམ་སྤྱོད”ཅེས་པ་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱི་དྲུང་ཆེ་ཁྲུའུ་དང་། འཛམ་གླིང་ཤུལ་བཞག་གི་ཆེད་ལས་བློ་འདྲིའི་སྒྲིག་གཞི། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་རིགས། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་འཐུས་མི་200ལྷག་ཙམ་གླེང་སྟེགས་ནང་ཞུགས་པ་དང་འཛམ་གླིང་གི་ཤུལ་བཞག་དང་སྲུང་སྐྱོང་དང་། ཁྲིམས་འཛུགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཉམས་མྱོང་སྤེལ་རེས་སོགས་ཀྱི་གྲོས་འགོར་དམིགས་ནས་གྲོས་བསྡུར་བྱས་པ་དང་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱས་པ་རེད། ཚོགས་ཞུགས་འཐུས་མིས་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྲུང་གོས་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་རྒྱལ་ཁབ་སྔར་ལས་མང་བ་དེའི་ནང་ཞུགས་ཏེ་ཞིབ་ཕྲ་དང་ནུས་ལྡན་གྱི་བྱ་སྤྱོད་ཐོག་ནས་འཛམ་གླིང་ཤུལ་བཞག་གསོན་ཉམས་ལྡན་པ་དང་འཁྲུག་ཆ་དོད་པ་ཞིག་ཡོང་བ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱི་རིག་གནས་ལས་རོགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨའོ་ཐུའོ་ནེ་ཡིས་ཤིག་ཚིག་སྒྲོན་སྐབས་ཀྲུང་གོས་ད་ཐེངས་ཀྱི་མཉམ་ལས་གླེང་སྟེགས་རྒྱལ་ཁའི་ངང་འཚོག་རྒྱུར་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ད་ཐེངས་ཀྱི་གླེང་སྟེགས་བརྒྱུད་རྒྱལ་སྤྱིའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཨ་ཧྥེ་རི་ཁའི་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་ད་ཡོད་གནས་བབ་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་དང་། ཁོང་གིས“འཛམ་གླིང་ཤུལ་བཞག་ནི་མིའི་རིགས་ཀྱི་ཐུན་མོང་རྒྱུ་ནོར་ཞིག་ཡིན་མོད། འོན་ཀྱང་ས་ཁུལ་གྱི་གདོང་ཐུག་དང་། གནམ་གཤིས་འགྱུར་ལྡོག འབྲུ་རིགས་ཀྱི་བདེ་འཇགས་སོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱི་འཛམ་གླིང་ཤུལ་བཞག་གི་དོ་དམ་དང་སྲུང་སྐྱོང་ཐད་འགྲན་སློང་བཟོས་ཡོད། ཀྲུང་གོས་དཔལ་འབྱོར་གྱི་རོགས་སྐྱོབ་བྱས་པ་ཕུད། མང་ཆེ་བ་ཤེས་བྱའི་རྩལ་ནུས་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་ཐད་འཕྲད་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་འཛམ་གླིང་ཤུལ་བཞག་གི་མི་མངོན་པའི་ནུས་པ་འདོན་སྤེལ་དང་ཤེས་དཔལ་རྒྱུན་འཛིན་ཆེད་ལེགས་སྐྱེས་ཕུལ་ཡོད་པ་ང་ཚོས་མཐོང་ཐུབ”ཅེས་བཤད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་གསལ། ས་ཧ་ལ་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཤུལ་བཞག་གིས་གོ་ལ་ཧྲིལ་པོའི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་གྱི་9%བཟུང་ཡོད་མོད། འོན་ཀྱང《སྟོངས་ལ་ཉེ་བའི་འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་རྣམ་གྲངས་གསུམ་ཆ་གཅིག་ལྷག་ཙམ་ས་ཁུལ་དེ་གར་གནས་ཡོད། “ང་ཚོར་སྲིད་གཞུང་དང་ས་གནས་ཕྱོགས་ཁག་གིས་ཛ་དྲག་དང་འོས་འཚམ་གྱི་བྱ་སྤྱོད་སྤྱོད་པའི་དགོས་པ་ཡོད”མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཕོ་ཉ་ཚོགས་པའི་ཀྲུའུ་ཞི་ཨ་ཆི་ཁོའོ་ཡིས“ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན། དུས་ཡུན་རིང་པོའི་ནང་ཨ་ཧྥེ་རི་ཁའི་སློབ་གསོ་དང་། ཚན་རྩལ། རིག་གནས་བྱ་གཞག་བཅས་ཐད་རྣམ་པ་སྣ་ཚོགས་དང་ཟུར་ཚད་མི་འདྲ་བའི་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་པོས་བྱས་པའི་ཐུན་མོང་གི་འབད་བརྩོན་གྱིས་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཐད་གསོན་ཤུགས་དེ་བས་མང་བ་སྦྱིན་ཡོད”ཅེས་བཤད།

ད་ཐེངས་ཀྱི་གླེང་སྟེགས་ཐོག ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་རིགས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཇི་ལྟར་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཛམ་གླིང་ཤུལ་བཞག་ཁྱབ་ཁོངས་ཀྱི་ནུས་པ་འཛུགས་སྐྱོང་ཆེར་གཏོང་བྱ་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་དང་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་ཡོ་བྱད་དང་། ལམ་སྲོལ། ལས་ཞུགས། གཞོན་ནུར་དབང་སྤྲོད་སོགས་ཀྱི་ཞིབ་ཕྲའི་གྲོས་འགོ་དང་བྱ་སྤྱོད་འཆར་གཞི་བཏོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ལ་ཝེ་ཡིས“འཛམ་གླིང་ཤུལ་བཞག་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་དཔང་རྟགས་ཤིག་ཡིན། ང་ཚོས་ལག་གདང་སྦྲེལ་ནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་གི་ཤུལ་བཞག་ནམ་ཡང་གནས་ཐུབ་པ་བྱེད་དགོས”ཞེས་བཤད།