ཤིན་ཧྭ་གསར་འགྱུར་ཁང་གིས་ཤེས་དཔལ་འོད་སྣང་བསྐྱར་དར་ལམ་བུར་འཕྲོ་ཞེས་པའི་རྩོམ་ཡིག་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་ཤེས་དཔལ་འོད་སྣང་སྐྱར་དར་ལམ་བུར་འཕྲོ་ཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་དང་རང་བྱུང་ཤུལ་རྫས་སྲུང་སྐྱོབ་ལས་དོན་གྱི་གནས་ཚུལ་དངོས་བྲིས་ཞེས་འཁོད་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། རིག་གནས་ཤུལ་རྫས་རྒྱུན་འཛིན་བྱེད་པ་ནས་རང་བྱུང་ཤུལ་རྫས་སྲུང་སྐྱོབ་བྱེད་པའི་བར་དང་དངོས་པོའི་རིག་གནས་ཤུལ་རྫས་སྲུང་སྐྱོབ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་ནས་མངོན་མིན་རིག་གནས་ཤུལ་རྫས་ཀྱི་གསོན་ཤུགས་གསར་པ་སྐུལ་སྤེལ་བྱེད་པ་བཅས་ཀྱི་བར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་གནས་བབ་གསར་པའི་ཐོག་བརྟན་པོར་ལངས་ཏེ་རིག་གནས་ཀྱི་འབྱུང་རྩ་དང་མི་རིགས་ཀྱི་བླ་སྲོག་སྲུང་འཛིན་བྱེད་རྒྱུར་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཐུགས་ཁུར་ཟབ་བཞེས་གནང་བ་དང་རིག་གནས་དང་རང་བྱུང་ཤུལ་རྫས་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་བའི་བར་གལ་ཆེའི་མཛུབ་སྟོན་དང་ཁྱོན་ཡོངས་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད། ཡུལ་དུས་ལས་འགྲོལ་ཏེ་ཆེམ་ཆེམ་དུ་འཕྲོ་བའི་ཤེས་དཔལ་འོད་སྣང་གིས་ཀྲུང་ཧྭ་ཡི་བུ་ཕྲུག་དུང་ཕྱུར་མང་པོའི་སེམས་གཏིང་གི་སྔར་བས་ཟབ་དང་སྔར་བས་རྒྱུན་བསྲིང་གི་སྟོབས་ཤུགས་རྒྱས་པར་བྱས་པ་དང་མི་རིགས་ཀྱི་སྐྱར་དར་ལམ་བུར་འོད་སྣང་གསལ་པོ་འཕྲོ་ཐུབ་པ་བྱས་ཡོད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།