ཕྱིར་གཏོང་དམངས་འདོད་བརྟག་དཔྱད་ལས་མངོན་པར་ཧ་སག་སི་ཐན་གྱི་ཙུང་ཐུང་འདེམས་བསྐོའི་ཁྲོད་ཐུའོ་ཁ་ཡེ་ཧྥུའུ་ལ་འདེམས་ཤོག་ཐོབ་ཚད་ལྡབ་ཀྱིས་མང་བ་ཡོད་པ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཧ་སག་སི་ཐན་གྱི་ལས་ཁུངས་གཉིས་ཀྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༠ཉིན་གྱི་ཐོ་རེངས་སུ་ཡོངས་བསྒྲགས་བྱས་པའི་ཕྱིར་གཏོང་དམངས་འདོད་བརྟག་དཔྱད་ལས་མངོན་པར་གཞིགས་ན། ཧ་སག་སི་ཐན་གྱི་ད་ལྟའི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་སྤྱི་ཚེས་༩ཉིན་གཉེར་བའི་ཙུང་ཐུང་འདེམས་བསྐོའི་ཁྲོད་འདེམས་ཤོག་ཐོབ་ཚད་ལྡབ་ཀྱིས་མང་བ་ཡོད་པ་རེད། ཧ་སག་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཧ་སག་སི་ཐན་གྱི་སྤྱི་ཚོགས་ཞིབ་འཇུག་ལས་ཁུངས་གཉིས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཕྱིར་གཏོང་དམངས་འདོད་བརྟག་དཔྱད་ནང་ཐུའོ་ཁ་ཡེ་ཧྥུའུ་ལ་འདེམས་ཤོག་ཐོབ་ཚད་ཁག་སོ་སོར་༧༠.༡༣%དང་༦༩.༩༤%ཟིན་ཡོད། ཧ་སག་སི་ཐན་གྱིས་སྤྱི་ཚེས་༩ཉིན་ཙུང་ཐུང་འདེམས་བསྐོ་བྱས་པ་དང་། ཁྱོན་འོས་མི་༧འདེམས་བསྐོར་ཞུགས་ཡོད། ཧ་སག་སི་ཐན་གྱི་འབྲེལ་ཡོད་བཅའ་ཁྲིམས་ལ་གཞིགས་ནས་ཙུང་ཐུང་འདེམས་བསྐོའི་ཁྲོད་འདེམས་ཤོག་ཐོབ་ཚད་༥༠%ལས་བརྒལ་བའི་འོས་མི་ཙུང་ཐུང་ལ་བདམས་ཀྱི་ཡོད། ཙུང་ཐུང་གི་འགན་ཡུན་ལོ་༥ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམདཔལ།