ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད་ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད་ཅེས་པའི་དེབ་འདི་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་ནས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་ནས་ཉིན་དེ་རང་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་ཡོད་པ་རེད།

རྩ་གནད་ཅེས་པར་ཁྱོན་ལེའུ་21དང་། སྡེ་99 དོན་ཚན་200ཡོད་ཅིང་། རྒྱ་ཡིག་ཡིག་འབྲུ་ཆིག་འབུམ་ལྔ་ཁྲི་ཙམ་ཡོད། དེབ་དེའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པའི་མཛུབ་ཁྲིད་བསམ་བློ་ཡིན་པའི་བརྗོད་གཞི་གཙོ་བོར་དམ་པོར་གཞིགས་ཏེ། ཁ་གསལ་བརྒྱད་དང་རྒྱུན་འཁྱོངས་བཅུ་བཞི་ཡིས་ལྟེ་བའི་ནང་དོན་དང་གཞི་འཛིན་ས་གཙོ་བོ་བྱས་ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ་དང་། གྲུབ་ཆ་ཚགས་དམ་པ། མ་རྩོམ་ཇི་མ་ཇི་བཞིན་མངོན་པ། རྩོམ་སྟངས་གསོན་ཉམས་ལྡན་ལ་བག་ཆགས་པ་བཅས་ཡིན་ཞིང་། དེ་ནི་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།